[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་ཟོག་འདྲེན་མཁའ་ལམ་དང་པོ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-25

    གསར་འགོད་པས་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱིས་ཧྲུན་ཧྥུང་མྱུར་སྐྱེལ་ཀུང་སི་དང་འཐབ་ཇུས་མཉམ་ལས་རོགས་ཟླའི་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་བོད་ཀྱི་ཟོག་འདྲེན་ཆེད་གཏོང་གནམ་གྲུའི་མཁའ་ལམ་དང་པོ་སྟེ་ཧྲུན་ཧྥུང་མྱུར་སྐྱེལ་ཁྲེང་ཏུའུ་ནས་ལྷ་ས་བར་གྱི་གནམ་གྲུ་ཚེས་22ཉིན་དངོས་སུ་ཤར་གཏོང་ཐུབ་ཡོད། གནམ་གྲུ་ཤར་གཏོང་ཐུབ་པ་དེས་བོད་ཀྱི་ས་མཐོའི་ཁྱད་ལྡན་ཐོན་ལས་དང་། དྲ་ཐོག་ཚོང་དོན། གྲང་བཟོ་སྐྱེལ་འདྲེན་སོགས་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་དང་འབྲེལ་དམག་དམངས་མཉམ་འདྲེས་ཀྱི་ཟོག་འགྲེམས་མ་ལག་བསྐྲུན་རྒྱུ་དང་། ས་མཐོའི་དངོས་ཟོག་འགན་ལེན་གྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ། མཁའ་ལམ་ཟོག་འདྲེན་གྱི་ཆེད་ལས་ཅན་གྱི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ལ་ཉམས་མྱོང་དང་དཔེ་སྟོན་མཁོ་འདོན་ཐུབ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “ཁྲེང་ཏུའུ་ནས་ལྷ་ས”བར་གྱི་ཟོག་འདྲེན་མཁའ་ལམ་ཐད་དུས་ངེས་མེད་ཐོག་དུས་གཏན་གནམ་གྲུ་གཉིས་སྤྱོད་རྒྱུ་དང་ཟླ་བ་གཉིས་སོང་རྗེས་རིམ་གྱིས་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ནས་ཉིན་རེར་དུས་གཏན་གནམ་གྲུ་གཅིག་གཏོང་རྒྱུ་རེད། ཧྲུན་ཧྥུང་མྱུར་སྐྱེལ་ཀུང་སིས་ལེགས་ཆའི་ཁྱད་ལྡན་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དུ་མ་དངུལ་བཏང་ནས་ཧྲུན་ཧྥུང་ལྷ་སའི་དྲ་ཐོག་ཚོང་དོན་ཐོན་ལས་གླིང་བསྐྲུན་པའི་ནང་དྲ་ཐོག་ཚོང་དོན་དང་། ནུས་རྒྱུ་གཙང་མ། བོད་ལུགས་གསོ་རིག ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་སོགས་རིགས་སྣ་ཚོགས་ཀྱི་ཁྱད་ལྡན་ཐོན་ལས་ཡོད་པ་མ་ཟད། ཐོན་ལས་ཞབས་ཞུ་དང་། ཟོག་འགྲེམས་རྩེ་གྲ དེང་རབས་ཐོན་ལས་བཅས་ཀྱིས་གཙོ་བོ་བྱས་པའི་ཕྱོགས་ཡོངས་ཆ་ཚང་གི་སྣོད་བཅུད་གླིང་ཞིག་བསྐྲུན་ཡོད། ཕྱོགས་གཉིས་པོས་མཉམ་དུ“མྱུར་སྐྱེལ+”དང་། “དྲ་སྦྲེལ+” “བྲིན་ཚོང+”བཅས་མཉམ་འགུལ་རིམ་སྤོར་གྱི་དྲ་ཐོག་ཚོང་དོན་ཐོན་ལས་གླིང་བསྐྲུན་ནས“ས་གཙང་ཐོན་ལས”ཀྱི་ཁྲོམ་རའི་མིང་གྲགས་ཆེ་རུ་གཏོང་རྒྱུ་དང་འབྲེལ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཞབས་འདེགས་ཞུ་རྒྱུ་རེད།

    བོད་འདི་ཉིད་ས་བབ་མཐོ་བ་དང་ས་རྒྱ་ཆེ་ལ་མི་འབོར་ཉུང་ཁར་ས་གཤིས་རྙོག་འཛིང་ཆེ་ཞིང་། ད་ཕན་ལོ་ཤས་རིང་། གཞུང་ལམ་དང་ལྕགས་ལམ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་རིམ་གྱིས་འཕེལ་རྒྱས་དང་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། མགྱོགས་པོ་དང་། གནད་འཁེལ། ཕན་ཆེ། གྲངས་འབོར་མང་བ་བཅས་ཀྱི་མཁའ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་བསྐྲུན་རྒྱུར་མངོན་མེད་ཀྱི་ནུས་པ་ཆེན་པོ་ལྡན་ཡོད། ཧྲུན་ཧྥུང་མྱུར་སྐྱེལ་ནི་མིག་སྔར་རྒྱལ་ནང་གི་ཟོག་འགྲེམས་ཁེ་ལས་ཆེ་ཤོས་ཡིན་པ་དང་ཟོག་འདྲེན་གནམ་གྲུ་42དང་བོགས་གཏོང་ཟོག་འདྲེན་གནམ་གྲུ་15ཡོད་པ་མ་ཟད། རྒྱལ་ཡོངས་ཀྱི་མཁའ་ལམ་ཚང་མ་དང་སྦྲེལ་ཡོད་ལ་བོད་དུའང་ལྷ་ས་དང་། ཉིང་ཁྲི གཞིས་རྩེ། ནག་ཆུ། ལྷོ་ཁ་སོགས་དྲ་ཚིགས་12བཙུགས་ཡོད་པ་དང་འབྲེལ་2016ལོར་དམག་དམངས་མཉམ་འདྲེས་རྣམ་པའི་ཟོག་འགྲེམས་མ་ལག་བསྐྲུན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།