[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་ཕན་ཚགས་ཤ་བཙོངས། དམངས་ལ་ཕན་པ་བཏགས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-08

    468121_yis_1514951488475.jpg

    དམངས་ལ་ཕན་པ་སྔར་བས་ཆེན་པོ་འདོགས་ཆེད། 2017ལོའི་ཟླ་12ཚེས་27ཉིན་ནས་བཟུང་། བོད་ལྗོངས་ཤིས་ཧའེ་གྲང་འཇོག་ཟོག་འགྲེམས་ཚད་ཡོད་ཀུང་སིས་སྔ་ས་ནས་འཐེན་པའི་དམངས་ཕན་ཚགས་ཤ་ཏུན་400ལྷ་ས་གྲོང་ཁྱེར་གྱི་དམངས་ཕན་ཤ་རིགས་ཐད་ཚོང་ཁང་ཁག་ཏུ་དབོར་ནས་རྒྱ་ཆེའི་གྲོང་མིར་མཁོ་འདོན་བྱེད་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། མ་མཐའི་འཚོ་བ་འགན་ལེན་ལག་ཁྱེར་དང་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་ཡོད་པའི་ལྷ་ས་གྲོང་ཁྱེར་གྱི་གྲོང་མི་དང་དེ་བཞིན་ཁོར་ཡུག་གཙང་སྦྲའི་བཟོ་པས་ཐད་ཚོང་ཁང་ནས་ཚགས་ཤ་དང་ལུག་ཤ་ཉོས་ན་ཚོང་སྐུལ་རིན་གོང་གི་རྨང་གཞིའི་ཐོག་རྒྱ་མ་གང་ལ་སྒོར་གཉིས་གཅོག་གི་ཡོད་པ་རེད། འདི་ནི་ཉེ་ཆར་བོད་ལྗོངས་ལྷ་ས་གྲོང་ཁྱེར་བརྒྱད་གཅིག་ལམ་ཚལ་ཁྲོམ་གྱི་དམངས་ཕན་ཤ་རིགས་ཐད་ཚོང་ཁང་ལྔ་པའི་ལས་མིས་ཚགས་ཤ་གཏུབས་ནས་འཚོང་བའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།