[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དཔའ་ཤོད་རྫོང་ར་འོག་གྲོང་ཚོ་ཏང་ཀྲི་པུའུ།

    དབུལ་སྐྱོར་ལམ་བུའི་ཐོག་ཏང་དར་ལྷབ་ལྷུབ་ཏུ་གཡོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-06

     མང་ཚོགས་དབུལ་སྒྲོལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་ཆེད། དཔའ་ཤོད་རྫོང་ར་འོག་གྲོང་ཚོ་ཏང་ཀྲི་པུས“ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྐྱོར་ལ་སྐུལ་ཁྲིད་བྱེད་པ་དང་དབུལ་སྐྱོར་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི”ལས་དོན་ལ་དམ་པོར་དམིགས་ཏེ། ས་བབ་ཀྱི་ལེགས་ཆར་བརྟེན་པ་དང་གྲོང་སྡེ་ཆུང་ངུ་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ནས་ཐོན་ལས་སྟོབས་ཆེར་གཏོང་བ་དང་། གསོན་ཤུགས་འཕེལ་བར་བྱེད་པ། ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་ལ་དམིགས་ནས་མང་ཚོགས་དབུལ་པོ་ཕྱུག་འགྱུར་ཡོང་བ་བྱེད་པའི་ལམ་བུ་གསར་པ་འཚོལ་ཞིབ་དང་རྒྱ་ཆེར་ཧུར་ཐག་བཏང་བས་ཏང་འཛུགས་སྐྱོང་ལ་བརྟེན་ནས་དབུལ་སྐྱོར་ལ་སྐུལ་ཁྲིད་བྱེད་པའི་ལས་ཀའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད་པ་རེད།

    ཐོན་ཁུངས་སྣེ་ཁྲིད་བྱེད་སྟངས་གསར་གཏོད་བྱས་ནས་མང་ཚོགས་ཀྱི“རང་བརྟེན”ནུས་པ་ཆེ་རུ་བཏང་ཞིང་། ར་འོག་གྲོང་ཚོ་ཏང་ཀྲི་པུས“གཞན་བརྟེན”ནས“རང་བརྟེན”གྱི་ནུས་པ་སྒྱུར་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས“ཀྲི་པུའུ་དང་མཉམ་ལས་ཁང་ཟུང་དུ་འབྲེལ་བའི”བྱེད་སྟངས་འཚོལ་ཞིབ་བྱས་ནས་བཙུགས་པ་བརྒྱུད་ར་འོག་གྲོང་ཚོའི་བྱེ་རྡོ་སྔོག་འདོན་མཉམ་ལས་ཁང་དང་སོ་ཕག་བཟོ་གྲྭ་བཙུགས་ནས་མང་ཚོགས་དབུལ་པོའི་སྣེ་ཁྲིད་དེ་བྱེ་རྡོ་ལས་སྣོན་དང་སྐྱེལ་འདྲེན་ཐོན་ལས་བརྒྱུད་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུར་སྔར་བས་རོགས་རམ་གྱིས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད། སོ་ཕག་བཟོ་གྲྭས་དུད་ཚང་དབུལ་པོ་6གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཏེ་ལས་ཞུགས་གོང་གི་གསོ་སྦྱོང་བརྒྱུད“ལས་ཞུགས་མི་གཅིག་བྱེད་པར་མི་གཅིག་གསོ་སྦྱོང་བྱེད་རྒྱུ”མངོན་འགྱུར་བྱུང་ནས་མང་ཚོགས་དབུལ་པོའི“རང་བརྟེན”གྱི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

    ཚོང་འགུགས་མ་འདྲེན་བྱེད་སྟངས་གསར་གཏོད་བྱས་ནས་མང་ཚོགས་ལ་འབབ་འཕར་གྱི་གསོན་ཤུགས་གསར་པ་བསྣན་ཞིང་། ར་འོག་གྲོང་ཚོས་གྲོང་སྡེ་ཆུང་ངུ་འཛུགས་སྐྲུན་བྱེད་པའི་གོ་སྐབས་གང་ལེགས་སྤྱད་དེ་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་ར་འོག་མཚེའུའི་མཛེས་ལྗོངས་ཁུལ་དོ་དམ་ཨུ་ལྷན་དང་མཉམ་དུ་ཚོང་འགུགས་མ་འདྲེན་གྱི་ལས་སྟེགས་བཏོད་དེ་མང་ཚོགས་དུད་ཚང་25ལ་ཁང་པ་བསྐྲུན་རྒྱུའི་ནང་ཚོང་འགུགས་མ་འདྲེན་གྱི་ཀུང་སི་3ཞུགས་ཡོད། ར་འོག་གྲོང་ཚོའི་བཀོད་སྒྲིག་ས་ཚིགས་ཀྱི་འཆར་འགོད་ཀྱིས་ས་ཆ་བཟུང་ཚད་མུའུ་380ལྷག་ཙམ་ཟིན་པ་དང་། ཁྱོན་མ་འཇོག་སྒོར་དུང་ཕྱུར་1.8ལྷག་ཙམ(དུད་ཚང་རེར་ཆ་སྙོམས་སྒོར་ཁྲི་200)བྱས་པ་དེའི་ནང་པོ་གཡོད་ཚོགས་པས་དུད་ཚང་དབུལ་པོ་13ལ་ལོ་གཅིག་གི་ས་ཆ་རྒྱུན་འཁོར་མ་དངུལ་ཁྱོན་སྒོར་ཁྲི་13སྤྲད་པ་དང་། དུད་ཚང་དབུལ་པོ་རྣམས་ཕྱིར་སྐྱོད་མི་དགོས་པར་འབབ་འཕར་ཕྱུག་འགྱུར་བྱུང་ཡོད་པ་རེད།

    ཁྱད་ལྡན་ཡུལ་སྐོར་བྱེད་སྟངས་གསར་གཏོད་བྱས་ནས་མང་ཚོགས་ཕྱུག་འགྱུར་ཡོང་བའི་ལྟ་བ་གསར་པ་བཏོད་ཅིང་། ར་འོག་གྲོང་ཚོ་ཏང་ཀྲི་པུས་རང་ངོས་ཀྱི་ཐོན་ཁུངས་དང་ཁྱད་ལྡན་ལེགས་ཆར་གཞི་ཚུགས་པ་དང་། རྒྱལ་ལམ་318རྒྱུད་དང་ར་འོག་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་སོགས་ལེགས་ཆ་ལྡན་པའི་ཐོན་ཁུངས་ལ་བརྟེན་པ། རང་བྱུང་ཡུལ་སྐོར་ཐོན་ཁུངས་དང་ས་ཁོངས་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཟུང་དུ་འབྲེལ་བ་བཅས་ཀྱི་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཁྱད་ལྡན་ཡུལ་སྐོར་ཐོན་ལས་ནུས་ཤུགས་ཡོད་རྒུས་བཏོད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།