[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བྲིན་འཚོང་ལ་ཐབས་ཤེས་ཡོད་པ། འབབ་འཕར་ལ་ཐབས་ལམ་ཡོད་པ།

    མངའ་རིས་ཀྱི་སྐབས་གསུམ་པའི་ཞིང་འབྲོག་ཐོན་ཟོག་ཚོང་འདུས་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-06

    458810_yis_1512451844624.jpg

    འདི་ནི་མངའ་རིས་ས་ཁུལ་གྱི་སྐབས་གསུམ་པའི་ཞིང་འབྲོག་ཐོན་ཟོག་ཚོང་འདུས་ཐོག་ཞིང་འབྲོག་མང་ཚོགས་ཀྱིས་ཚགས་ཤ་འཚོང་བ། 

    ཉེ་ཆར། དུས་ཡུན་ཉིན་ལྔའི་མངའ་རིས་ས་ཁུལ་གྱི་སྐབས་གསུམ་པའི་ཞིང་འབྲོག་ཐོན་ཟོག་ཚོང་འདུས་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་ཞིང་འབྲོག་ཐོན་ཟོག་ཉོ་ཚོང་ཁྲོམ་རར་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཚོང་འདུས་ལ་ཁྱོན་ཚོང་དུད་330ལྷག་ཙམ་དང་། ཤ་དང་། མར། ཕྱུར་བ་སོགས་ཀྱི་ཞིང་འབྲོག་ཐོན་ཟོག་ཁྲོམ་སྟེགས་80ལྷག་ཙམ། ཁྱད་ལྡན་ཐོན་རྫས་དང་དེ་བཞིན་མཐའ་མཚམས་ཉོ་ཚོང་ཚོང་ཟོག་གི་ཁྲོམ་སྟེགས་20ལྷག་ཙམ། ཞིང་འབྲོག་པས་བཙུགས་པའི་ཇ་ཁང་6བཅས་ཡོད་པ་རེད། ད་དུང་ས་གནས་དེ་གའི་ཚགས་ཤ་སོས་པ་མགོ་གྲངས་600ལྷག་ཙམ་དང་། ལུག་ཤ་སོས་པ་མགོ་གྲངས་6000ལྷག་ཙམ། མར་དང་། རྩམ་པ། ཕྱུར་བ། སྣུམ་བཅས་རྒྱ་མ་ཁྲི་3ཙམ། མཐའ་མཚམས་ཉོ་ཚོང་ཚོང་ཟོག་དང་། མི་རིགས་ལག་ཤེས་བཟོ་རྩལ། མི་རིགས་ཀྱི་གྱོན་ཆས། སྤོས། བོད་སྨན། སུར་པན་སོགས་ཐོན་རྫས་སྣ་ཁ་སྟོང་ལྷག་ཙམ་འཚོང་རྒྱུ་ཡོད། ད་ཐེངས་ཀྱི་ཚོང་འདུས་བརྒྱུད། དམངས་འཚོ་ལེགས་སུ་འགྲོ་རྒྱུ་དང་། ཁྲོམ་ར་དར་རྒྱས་འགྲོ་རྒྱུ། མཁོ་སྤྲོད་རྒྱ་ཆེར་འགྲོ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དངོས་ཟོག་བརྗེ་རེས་བཅས་ལ་སྐུལ་འདེད་ཐུབ་རྒྱུ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་ཚོང་ཟོག་ཁྲོམ་རའི་འདུ་ཤེས་ཟབ་ཏུ་ཕྱིན་ནས་ཞིང་འབྲོག་ཐོན་ཟོག་ཕྱིར་འཚོང་ཐུབ་པ་དང་འབབ་འཕར་ཡང་ཡོང་བ་བྱས་པ་རེད།

    མངའ་རིས་ས་ཁུལ་ཚོང་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྱུང་བཟང་གིས་གསར་འགོད་པར“མིག་སྔའི་བར་མངའ་རིས་ཀྱིས་ཞིང་འབྲོག་ཐོན་ཟོག་གི་ཚོང་འདུས་སྐབས་གཉིས་གཉེར་བ་ལས་མངའ་རིས་ཀྱི་ཞིང་འབྲོག་ཐོན་ཟོག་གིས་ཁྲོམ་ར་བཟུང་ཚད་ཆེ་རུ་ཕྱིན་པ་དང་། ཞིང་འབྲོག་ཐོན་ཟོག་གི་རིན་གོང་བརྟན་དུ་སོང་བ། འཛད་སྤྱོད་པའི་དགོས་མཁོ་བསྐང་བ་བཅས་ཞིང་འབྲོག་ལས་ཀྱི་ཕན་འཕར་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད”ཅེས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།