[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “དྲ་ཐོག་ཚོང་དོན+”ལ་བརྟེན་ནས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-05

    458505_yis_1512366170492.jpg

    འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་གིས“གྲོང་ཚོར་དྲ་ཐོག་ཚོང་དོན་སྤེལ་བའི་འདུ་འགོད”ལག་བསྟར་བྱས་ནས“དྲ་ཐོག་ཚོང་དོན+གྲོང་ཚོ་དབུལ་པོ”དང“དྲ་ཐོག་ཚོང་དོན+དུད་ཚང་དབུལ་པོ”སོགས་མཉམ་འགུལ་དབུལ་སྐྱོར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་གིས་དྲ་ཐོག་ཚོང་དོན་ལ་བརྟེན་ནས་དབུལ་སྐྱོར་བྱ་རྒྱུ་དེ་ལྷོ་བྲག་རྫོང་གི་དབུལ་སྐྱོར་གསར་སྤེལ་གྱི་སྒུལ་ཤུགས་གསར་པར་འགྱུར་བར་བྱས་ཤིང་། དྲ་ཐོག་ཚོང་དོན་ལ་བརྟེན་ནས་དབུལ་སྐྱོར་ལ་སྐུལ་འདེད་བཏང་ཚུན། རྫོང་ཡོངས་སུ་ཁྱོན་མང་ཚོགས་28ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ནས་མི་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་10000ལྷག་ཙམ་ཟིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་78ལ་སྐུལ་ཁྲིད་ཐུབ་ནས་ཆ་སྙོམས་མི་རེར་ལོ་རེར་ཡོང་འབབ་སྒོར་2000རེ་འཕར་ཏེ། “གཞན་རྟེན”དབུལ་སྐྱོར་ནས“རང་རྟེན”འཕེལ་རྒྱས་ལ་འགྱུར་ཞིང་། འདི་ནི་ཉེ་ཆར་ལྷོ་བྲག་རྫོང་ཚེ་སྨད་གྲོང་ལྷན་གྱི་བོད་བྱ་གསོ་ཚགས་ཁང་གི་ལས་མིས་སྒོ་ང་ཐུམ་སྒྲིལ་བརྒྱབ་ནས་ནང་སའི་ཚོང་པར་བསྐུར་རྩིས་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།