[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གོ་འཇོ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-15

    འདི་ལོ་ཚུན་དུ། གོ་འཇོ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མང་ཚོགས་ཀྱི་ སྣེ་ཁྲིད་དེ་ངག་དབང་ལུག་གི་ཐོན་ལས་འཕེལ་རྒྱས་བྱེད་ཐབས་བཏོད་དེ“ལྗང་མདོག་དང་། སྤུས་ལེགས། ནུས་མཐོ། ཐོན་མཐོ”བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ནས་མང་ཚོགས་དང་ལྷག་པར་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོ་འཇོ་རྫོང་གིས་མ་དངུལ་སྒོར་ཁྲི་3200བཏང་ནས་སྡོམ་གསོས་རྟེན་གཞི་མུའུ་151བསྐྲུན་པ་དང་ལོར་ལུག་མགོ་གྲངས་6000སྡོམ་གསོས་བརྒྱབ་པ་དང་འབྲེལ། གཟན་ཆག་ལས་སྣོན་བཟོ་གྲྭ་དང་། གྲང་སྦྲེལ་གསོག་ཉར་ཟོག་འགྲེམས་མ་ལག དྲ་ཐོག་ཚོང་ཁང་གི་ཆ་འཕྲིན་ཅན་གྱི་ལས་སྟེགས་སོགས་ལྷན་སྦྱར་སྒྲིག་ཆས་བསྐྲུན་ཡོད། མིག་སྔར། སྡོམ་གསོས་རྟེན་གཞི་ནས་ལོར་ཡོང་འབབ་ཁེ་གཙང་སྒོར་ཁྲི་200ཡོང་གི་ཡོད། ལྟེ་བའི་གསོ་ཚགས་ཁུལ་ཕུད་ད་དུང་ངག་དབང་ལུག་ཆེད་ལས་གསོ་ཚགས་དཔེ་སྟོན་གྲོང་ཚོ་19སྟོབས་ཆེར་གཏོང་རྒྱུར་རོགས་རམ་བྱས་ཡོད། དེ་དང་ཆབས་ཅིག ཐོན་ལས་འཕེལ་རྒྱས་ཀྱི་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱས་པ་དང“རྩྭ་བརྟེན་ཕྱུགས་གསོའི”བྱེད་ཐབས་གཞིར་བཟུང་རྩྭ་མུའུ་ཁྲི་1.05བཏབ་པ་དང་། སྲིད་གཞུང་གིས་རིན་མེད་ངང་དུད་ཚང་དབུལ་པོར་རྩྭ་སོན་སྤྲད་པ་དང་མུའུ་རེར་སྒོར་500ཁ་གསབ་བྱས་པ་དང་འབྲེལ། གཟན་རྩྭ་གཅིག་གྱུར་ཉོ་སྒྲུབ་བྱས་ནས་ཞིང་འབྲོག་མང་ཚོགས་ཐོན་ལས་སྦྲེལ་ཐག་ནང་ལས་ཞུགས་ཐུབ་པ་བྱུང་བ་རེད།

    དེ་དང་ཆབས་ཅིག བོད་ཤར་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་དང་གསོ་ཚགས་དུད་ཚང་དབར་ཉོ་ཚོང་གྲོས་མཐུན་བཞག་ཅིང་། སྲིད་གཞུང་གིས་རོགས་སྐྱོར་དང་། ཁེ་ལས་ཀྱིས་དཔེ་སྟོན། མཉམ་ལས་ཁང་གིས་ཁྲིད་སྟོན། གསོ་ཚགས་དུད་ཆེན་གྱིས་སྣེ་ཁྲིད། ཁ་གསབ་བྱ་དགའི་བྱེད་ཐབས་རབ་དང་རིམ་པ་བཅས་ལག་བསྟར་བྱས་པ་བརྒྱུད། མང་ཚོགས་ཀྱི་སྣེ་ཁྲིད་ནས་ངག་དབང་ལུག་གསོ་ཚགས་དང་གཟན་རྩྭ་བཏབ་པ་རེད།

    མིག་སྔར། རྫོང་དེས་སྐྱེད་སྲིང་བྱས་པའི་གསོ་ཚགས་དུད་ཚང་165ཡིས་ངག་དབང་ལུག་ཁྲི་2.8གསོས་ཡོད་པ་དང་ལས་ཞུགས་ལས་གནས་300ཐག་གཅོད་བྱུང་བའི་ཁར་མང་ཚོགས་དུད་ཚང་6000ལྷག་ཙམ་ངག་དབང་ལུག་ཐོན་ལས་སྦྲེལ་ཐག་ནང་ཞུགས་རྒྱུར་སྣེ་ཁྲིད་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།