[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྨང་གཞི་བརྟན་དུ་བཏང་ནས་དམངས་ལ་ཕན་པ་སྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-12

    441251_yis_1507697508512.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཆང་ཁྱིམ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཀྱི་རྨང་བརྟན་དམངས་ཕན་ལས་དོན་རུ་ཁག་གི་རུ་མི་(འཕྱོངས་རྒྱས་རྫོང་ཨུད་དྲིལ་བསྒྲགས་པུས་མངགས་པ)དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཁོངས་མིས་གྲོང་ཚོ་དེ་གའི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་འཆི་མེད་ནོར་འཛིན་ཁྱིམ་དུ་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་སྡེ་ཚན་དང་ཚན་པ་ཁག་སྒྲིག་འཛུགས་བྱས་ནས། སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བྱེད་སྒོ་རྒྱུན་མཐུད་སྤེལ་བ་དང་ལས་བྱེད་པ་བདམས་ཏེ་དགོན་སྡེ་དང་གྲོང་ཚོར་བཅའ་སྡོད་ཀྱིས་གཞི་རིམ་རྩ་འཛུགས་འཛུགས་པ་དང་སྟོབས་ཆེར་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། ཕྱུག་འགྱུར་ལམ་བུ་འཚོལ་བ། ཏང་དྲིན་ཚོར་བའི་སློབ་གསོར་ཤུགས་སྣོན་རྒྱག་པ། བྱ་བ་དངོས་དང་བྱ་བཟང་སྒྲུབ་པ། དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། དབུལ་སྐྱོར་གསར་སྤེལ་ལས་འགན་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་གཞི་རིམ་འཕེལ་རྒྱས་དང་བརྟན་ལྷིང་གི་རྨང་གཞི་བརྟན་དུ་ཕྱིན་ནས་ལྗོངས་ཡོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།