[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བདེ་སྡོད་ལས་བརྩོན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-11

    440807_yis_1507611076267.jpg

    འདི་ནི་གེགས་རྗེས་བསྐྱར་སྐྲུན་ཟིན་པའི་སྐྱིད་གྲོང་གྲོང་རྡལ་གླང་ཆུ་གཙང་པོ་གྲོང་གསར་གྱི་རྣམ་པ་ཡིན་པ།

    2015ལོའི་ནེ་པ་ལའི“4·25”ས་ཡོམ་ཁྲོད་གཞིས་རྩེ་གྲོང་ཁྱེར་སྐྱིད་རོང་རྫོང་གི་ཤང་དང་གྲོང་རྡལ་6གི་སྲིད་འཛིན་གྲོང་ཚོ་41ལ་གནོད་འཚེ་ཕོག་པ་དང་། གེགས་བར་བྱུང་རྗེས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་དེ་བཞིན་གཞིས་རྩེ་གྲོང་ཁྱེར་བསྐྱར་སྐྲུན་གཞུང་དོན་ཁང་གིས་གཏན་འཁེལ་བྱས་པའི་དམིགས་ཚད་ལ་གཞིགས་ཏེ། སྐྱིད་རོང་རྫོང་གིས་རྒྱལ་ཁབ་དང་ས་གནས་ཀྱི་བསྐྱར་སྐྲུན་མ་དངུལ་ནན་ཏན་དང་ལུགས་མཐུན་ངང་བེད་སྤྱོད་བཏང་ནས། སླར་གསོ་བསྐྱར་སྐྲུན་གྱི་འཆར་གཞི་བཀོད་པའི་ནང་དམངས་སྤྱོད་སྡོད་ཁང་སླར་གསོ་བསྐྱར་སྐྲུན་དང་། གྲོང་ཚོ་ཧྲིལ་པོར་སྐུལ་འདེད། ཁྱད་ལྡན་གྱི་གྲོང་རྡལ་ཆུང་ངུ་། སྡོད་ཁང་མིན་པའི་སྤྱི་པའི་ཁང་པ་བཅས་སླར་གསོ་བསྐྱར་སྐྲུན་ཚུད་ཡོད་པ་རེད། མིག་སྔར། དུད་ཚང་2207སྐྲུན་འགོ་ཚུགས་པ་དང་དུད་ཚང་1866ཡི་སྒྲོམ་གཞི་གཙོ་བོ་ལེགས་གྲུབ་ཟིན་པ། དུད་ཚང་1620སྐྲུན་མཇུག་འགྲིལ་བ། དུད་ཚང་1560སྤོས་ཚར་བ་དང་། མ་འཇོག་སྒོར་ཁྲི་1091ལེགས་གྲུབ་ཟིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།