[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་སའི་དུས་བཞི་བཀྲ་ཤིས་གྲོང་ཚོའི་བདེ་སྐྱིད་འཚོ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-10

    440413_yis_1507521805155.jpg

    འདི་ནི་དུས་བཞི་བཀྲ་ཤིས་གྲོང་ཚོའི་ཡུལ་མི་ཚོས་ཀྲུང་ལུགས་དང་བོད་ལུགས་གསོ་བ་རིག་པའི་སྨན་རྩྭ་འདེབས་འཛུགས་རྟེན་གཞིའི་ནང་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།

    དུས་བཞི་བཀྲ་ཤིས་གྲོང་ཚོ་གནས་སའི་ཚལ་སྣེ་ཤང་དེ་གནམ་ཐང་གི་མྱུར་བགྲོད་ལམ་དང་། ལྷ་གཞིས་ལྕགས་ལམ། རྒྱལ་ལམ་318བཅས་ཀྱི་ཉེ་འགྲམ་དུ་གནས་པ་དང་། ཚལ་སྣེ་ཤང་མངའ་ཁོངས་ནང་གི་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དང་ལྷ་སའི་ས་གཙང་བདེ་ཐང་ཐོན་ལས་གླིང་སོགས་ཐོན་ཁུངས་ལ་བརྟེན་ནས་དུས་བཞི་བཀྲ་ཤིས་གྲོང་ཚོའི་མཐའ་འཁོར་དུ་མུའུ་ཁྲི་ཟིན་པའི་ཤིང་སོན་འདེབས་འཛུགས་གསོ་སྤེལ་རྟེན་གཞི་དང་། ཀྲུང་ལུགས་དང་བོད་ལུགས་གསོ་བ་རིག་པའི་སྨན་རྩྭ་འདེབས་འཛུགས་རྟེན་གཞི། དེང་རབས་ཅན་གྱི་བཞོན་མ་གསོ་ཚགས་ར་བ་སོགས་རྣམ་གྲངས་ཆེ་གྲས་གསར་འཛུགས་བྱས་ཡོད་པས“དངུལ་རྩ་+རྟེན་གཞི་+ཀུང་སི་+མཉམ་ལས་ཁང་+དུད་ཚང་དབུལ་པོ”བཅས་ཀྱི་དབུལ་སྒྲོལ་བྱ་ཐབས་འཚོལ་ཞིབ་ཐུབ་ནས་ཡུལ་སྤོས་དབུལ་སྐྱོར་དུད་ཚང་དེ་དག་གོམ་ཞེང་ཆེན་པོས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་རོགས་རམ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།