[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཡིང་ཀྲེན་ཁའེ་ཡིས་ངའི་ལས་འཁྱུར་ངལ་གསོའི་འཚོ་བ་སྐྱིད་པོ་འདུག་ཅེས་བརྗོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-09-09

    འགོ་ཚུགས་གཏམ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་ལེགས་གཏོང་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲིད་ཇུས་དང་བྱ་ཐབས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཡོད། བདེ་སྡོད་ལས་གྲྭ་ནས་དྲོད་རླངས་མཁོ་འདོན་ལས་གྲྭ་བར་དང་། སློབ་གསོའི“འགན་ལེན་གསུམ”ནས་ལྷན་སྐྱེས་སྙིང་ནད་ཕོག་མཁན་བྱིས་པར་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པའི་བར་གྱི་དམངས་ཕན་གྱི་བྱ་བ་དངོས་དང་བྱ་བཟང་རེ་རེ་ལས་ཏང་གི་ཐུགས་ཁུར་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་ཚོར་ཐུབ་པ་བྱུང་ཡོད། ལོ་ལྔའི་རིང་མང་ཚོགས་ཀྱི་འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་དང་། གཞོན་ནུའི་ལས་གཏོད་སྔར་བས་ཧུར་སེམས་ཆེ་བ། ཁོར་ཡུག་སྲུང་སྐྱོང་བཟོ་པའི་ངལ་རྩོལ་ལ་དེ་བས་ལ་རྒྱ་ལྡན་པ། ནད་པ་སྨན་བཅོས་ཐད་སྔར་བས་སྟབས་བདེ་བྱུང་བ། ཡུལ་སྐོར་བྱེད་སྐབས་སྔར་བས་ཡ་རབས་ལྡན་པ་ཞིག་བྱུང་ཡོད།

    ལོ་ལྔའི་རིང་གི་རང་ལྗོངས་ཀྱི་ལས་རིགས་ཁག་གི་ངལ་རྩོལ་པ་དཀྱུས་མའི་འཚོ་བའི་ཐད་ཀྱི་འགྱུར་ལྡོག་ཕྲན་བུ་ཟིན་ཐོ་འགོད་ཆེད་དེ་རིང་ནས་བཟུང《ངའི་ལོ་ལྔ》ཞེས་པའི་ཆེད་དམིགས་ལེ་ཚན་གཉེར་རྒྱུ་ཡིན་པས་དོ་སྣང་ཡོད་པ་ཞུ།

    ང་ནི་བོད་ལྗོངས་ཕྱུགས་ནད་སྨན་པའི་སྐྱེ་དངོས་སྨན་བཟོ་གྲྭའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བཟོ་ཞིག་ཡིན་པ་དང་། ལོ་མང་རིང་ཏང་གི་སློབ་གསོ་མྱོང་བ་དང་ཏང་གི་དྲིན་ཚོར་བའི་མཐོ་རིམ་ཕྱུགས་ནད་སྨན་པ་ཞིག་ཡིན་པའི་ངོས་ནས་ང་ཚོའི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་མེས་རྒྱལ་དང་ཁ་འབྲལ་ཐབས་མེད་ལ་གུང་ཁྲན་ཏང་དང་ཡང་ཁ་འབྲལ་ཐབས་མེད་པའི་མྱོང་ཚོར་ཟབ་མོ་བྱུང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་ཟླ་10ཚེས་18ཉིན་བདེ་བླག་དང་གྲུབ་འབྲས་ཐོབ་པའི་ངང་འཚོག་ཐུབ་རྒྱུར་ངས་རེ་སྒུག་བྱེད་ཀྱི་ཡོད།

    ང་ནི་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་ཤིག་དང་ཏང་གིས་གསོ་སྐྱོང་གནང་བ་ཞིག་ཡིན་པས་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས་ཤིག་ཡིན་པའི་ངོས་ནས་ངས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་བཟང་པོར་བསྟོད་གླུ་ལེན་རྒྱུ་ཡིན་ལ་ཏང་གི་རུལ་རྒོལ་སྲིད་ཇུས་ལའང་བསྔགས་བརྗོད་ཞུ་རྒྱུ་ཡིན། རང་རེའི་ཏང་གི་སྲིད་ཇུས་ལས་ང་ཚོའི་སྒྱུར་བཅོས་ཁྲོད་ཀྱི་འགག་སྒྲོལ་དཀའ་སེལ་ཐག་གཅོད་བྱེད་ཐུབ་ངེས་ཡིན་ལ་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད།

    ལོ་དེ་དག་རིང་གི་འགྱུར་ལྡོག་སྐོར་གླེང་ན་ངོ་མ་དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་བྱུང་ཡོད། ལྷ་སའི་མཚན་མོའི་ཁྲོམ་གཞུང་གི་གློག་འོད་གསལ་དུ་ཕྱིན་ཡོད་ལ་གྲོང་ཁུལ་གྱི་རྣམ་པའང་མཛེས་སུ་ཕྱིན་ཡོད། ལྷ་སའི་གྲོང་ཁུལ་གྱི་རྒྱ་ཁྱོན་ཟམ་མི་ཆད་པར་ཆེ་རུ་དང་། ཕྱོགས་བསྡུས་ཚོང་ཁང་ཇེ་མང་།དངོས་ཟོག་སྣ་ཁ་ཕུན་སུམ་ཚོགས་པོ། འགྲིམ་འགྲུལ་སྟབས་བདེ་རུ་འགྲོ་བ་དེས་གཞུང་ལམ་དུ་འགྲོ་འོང་བྱེད་མཁན་སྒེར་འཁོར་མང་དུ་ཕྱིན་ཁར་ནང་ས་དང་འདྲ་བར་རྐང་འཁོར་བཞོན་མཁན་ཡང་ཡོད།

    འདི་ལོ་རྒྱལ་ཁབ་ཀྱི་ཡུལ་གཞན་དུ་སྨན་བཅོས་རྩིས་ཞུའི་མ་ལག་བོད་ཀྱིས་ལག་ལེན་བསྟར་བ་ལས་ང་ཚོས་བོད་ཀྱི་སྨན་བཅོས་གཱ་ལ་བརྟེན་ནས་ནང་སར་སྨན་བཅོས་བྱེད་ཐུབ་པ་མཚོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་ཡོད། སྔོན་ཆད་སུའི་ཁྱིམ་གྱི་ནང་མིར་ནད་གཞི་ལྕི་པོ་ཕོག་ཚེ་ངེས་པར་དུ་ནང་སར་སྨན་བཅོས་བྱེད་པར་འགྲོ་དགོས་ཀྱི་ཡོད། ད་ཆ་འགྱུར་ལྡོག་དངོས་འབྲེལ་ཆེན་པོ་བྱུང་ཡོད། རྒྱལ་ཁབ་ཀྱིས་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་སྒྲིག་འཛུགས་དང་སྨན་བཅོས་གཱ་ལ་བརྟེན་ནས་ཡུལ་གཞན་དུ་སྨན་བཅོས་ཀྱི་སྨན་རིན་རྩིས་ཞུ་སོགས་མདོར་ན་སྨན་བཅོས་ཐད་སེམས་ཁྲལ་བྱེད་དགོས་མེད་ལ་ནང་སར་སྨན་བཅོས་བྱེད་པར་ཡང་འགྲོ་དགོས་མེད།

    ཕྱུགས་ནད་སྨན་པའི་སྐྱེ་དངོས་ཀྱི་རིམས་འགོག་སྨན་ཁབ་ཞིབ་བཟོའི་གྲུབ་འབྲས་དེ་ཞིང་འབྲོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད། ལས་འཁྱུར་མ་བྱས་གོང་ང་ནི་ཕྱུགས་ནད་སྨན་པའི་ཆེད་ལས་ལག་རྩལ་མི་སྣ་ཞིག་ཡིན་པས་ཕྱུགས་ནད་སྨན་པའི་སྐྱེ་དངོས་ཀྱི་རིམས་འགོག་སྨན་ཁབ་གསར་སྤེལ་ཞིབ་བཟོར་ཞུགས་མྱོང་ཡོད། ལས་འཁྱུར་བྱས་རྗེས་ངས་སྔར་བཞིན་དེའི་ཐད་ཀྱི་འཕེལ་རྒྱས་ལ་དོ་སྣང་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་བོད་ཀྱི་སྐྱེ་དངོས་ལག་རྩལ་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཚན་རིག་ཞིབ་འཇུག་གི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་ཕྱིན་ནས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ལས་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་ཚོ་བརྒྱ་ལ་ཕན་ཐོགས་བྱུང་ཡོད།

    ད་ཆ་ངའི་ལས་འཁྱུར་འཚོ་བ་བདེ་སྐྱིད་ལྡན་པ་དང་། བུ་ཕྲུག་གི་ལས་ཀ་ལམ་ལྷོངས་ཡོད་པ། ཚ་བོ་སློབ་གྲྭར་སྐྱོད་བདེ་ཚང་མ་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལས་བྱུང་བ་ཞིག་རེད། ད་ཆ་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་གྲབས་ཡོད་པས་དེས་ཁྲིམས་བཞིན་རྒྱལ་སྐྱོང་དང་སྒྱུར་བཅོས་འཕེལ་རྒྱས་ཐད་ཀྱི་རྒྱལ་ཁབ་ཀྱི་གཏམ་བཟང་ཚང་མར་ཁྱབ་རྒྱུར་ང་ཚོ་མི་རིགས་ཁག་གི་མང་ཚོགས་ཚོས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།