[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་གིས།

    དམངས་ཀྱི་འདོད་བློ་རྟོགས་པ་དང་དཀའ་ངལ་བསལ་ནས་གྲོང་སྡོད་ལས་དོན་ཁག་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-14

    ཉེ་ཆར། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། གྲོང་སྡོད་ལས་དོན་རུ་ཁག་ཁག་དྲུག་པ་བཅའ་སྡོད་བྱས་ཚུན། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དམངས་ཀྱི་འདོད་བློ་རྟོགས་པ་དང་དམངས་ཀྱི་དཀའ་ངལ་བསལ་ནས་གྲོང་སྡོད་ལས་དོན་ཁག་གཏིང་ཟབ་སྤེལ་བ་རེད།

    “ཏང་ཡོན་ལས་བྱེད་པ་སྡེ་ཁུལ་དུ་སྐྱོད་པའི”བྱེད་སྒོ་སྤེལ་བ། ཉེ་ཆར། སྨན་གླིང་རྫོང་གིས“ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་སྡེ་ཁུལ་དུ་སྐྱོད་པའི”དང་བླངས་ཞབས་ཞུའི་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ་དང་རྫོང་དེའི་རྫོང་ཨུད་རྩ་འཛུགས་པུས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སྡེ་ཁུལ་དུ་ཁོར་ཡུག་གཙང་སྦྲ་བྱས་ནས་ཏང་ཡོན་གྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་བ་མ་ཟད། ད་དུང་ཏང་ཡོན་གྱི་སེམས་ཤུགས་ཀྱང་འཕེལ་བ་བྱས་ཡོད།

    མང་ཚོགས་ལ་རིན་པ་མི་དགོས་པར་སྐྲ་བཞར་བའི་བྱེད་སྒོ་སྤེལ་བ། སྨན་གླིང་རྫོང་གནས་ལུང་ཤང་ཚེ་པ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་རིན་པ་མི་དགོས་པར་སྐྲ་བཞར་བའི་བྱེད་སྒོ་སྤེལ་བ་ཞིང་འབྲོག་མང་ཚོགས་ཀྱིས་ཤེས་རྗེས་གཅིག་མཇུག་གཉིས་མཐུད་ངང་སྐྲ་བཞར་བར་སླེབས་ཤིང་། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། ཞིང་འབྲོག་མང་ཚོགས་ཀྱིས་གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ལ་སེམས་ཁུར་བྱེད་པ་རྟོགས་ནས་མང་ཚོགས་ཀྱི་བསྔགས་བརྗོད་ཟབ་མོ་ཐོབ་ཡོད།

    “ཆག་ཡང་གཉིས་དང་མཐོར་གཏོང་གཅིག”གི་འབྲེལ་ཡོད་ལས་དོན་སྤེལ་བ། ལྗོངས་ཏང་ཨུད་ཀྱིས་བཏོན་པའི“ཆག་ཡང་གཉིས་དང་མཐོར་གཏོང་གཅིག”གི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཉིང་ཁྲི་གྲོང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། སྨན་གླིང་རྫོང་རིམ་ཁག་གྲོང་སྡོད་ལས་དོན་རུ་ཁག་གིས་བརྟག་ཞིབ་བྱས་པ་བརྒྱུད་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱས་པ་དང་འབྲེལ་ཡོད་རྩིས་ཐོའང་བཟོས་པ་རེད། དེ་དང་ཆབས་ཅིག གྲོང་མིར་ཞིང་འབྲོག་ཁུལ་གྱི་སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་བཙའ་བའི་ཁ་གསབ་བྱ་དགའ་དང་མངལ་འཁོར་རིང་གི་འཕྲོད་སྦྱོར་ཤེས་བྱ་སོགས་དྲིལ་བསྒྲགས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་ཚན་རིག་དང་མཐུན་པའི་ངང་སྨན་བཅོས་བྱེད་པའི་འདུ་ཤེས་ཆགས་པ་དང་། གོམས་གཤིས་ངན་པ་དོར་བ། ཚེ་སྲོག་བདེ་འཇགས་འགན་ལེན་བཅས་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།