[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གྲོང་སྡོད་ལས་ལ་བརྩོན། དམངས་སེམས་གཅིག་ཏུ་སྒྲིལ།

    ​ —— ལྷོ་ཁ་གྲོང་ཁྱེར་གྱི་རྨང་བརྟན་དམངས་ཕན་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-14

    ཁག་དྲུག་པའི་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་གྱིས་ཕུལ་བྱུང་ལས་བྱེད་པ་2200གྲོང་ཚོ(ཨུ་ལྷན)550རུ་བཏང་ནས་རང་སྐྱོང་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་སྡོད་གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ་དང་། འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་པ། གཞི་རིམ་ལ་རྩ་བ་བརྟན་པོ་ཚུགས་པ། ལས་འགན་གཙང་སྒྲུབ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ནས་ཞིང་འབྲོག་ཁུལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།

    དྲིན་ཚོར་སློབ་གསོར་སྣང་ཆེན་གྱིས་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་བཏང་བ།

    གྲོང་ཚོར་བཅའ་སྡོད་བྱས་ཚུན། གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་རུ་ཁག་གིས་ཞིང་འབྲོག་པའི་བསམ་བློའི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་མང་ཚོགས་ལ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྒྲོག་འགྲེལ་ཐེངས་3311བྱས་པ་དང་དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་ཐེངས་ཁྲི་8.97ལྷག་ཙམ་བྱས་པས་མང་ཚོགས་ཁྲི་18.1ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

    མང་ཚོགས་ཚོས་སྤྱི་ཚོགས་རྙིང་པའི་སྡུག་བསྔལ་དང་སྤྱི་ཚོགས་གསར་པའི་བདེ་སྐྱིད་སྔར་བས་ཤེས་རྟོགས་དང་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཏང་གི་བཀའ་དྲིན་མ་བརྗེད་པ་བྱ་ཆེད། གྲོང་ཚོར་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་རུ་ཁག་གིས“ཏང་གི་བཀའ་དྲིན་དྲན་པ་དང་། ཕྱུགས་པོ་ཆགས་ཐབས་བྱེད་པ། བརྟན་ལྷིང་ཡོང་ཐབས་བྱེད་པ། འཕེལ་རྒྱས་དོན་གཉེར་བྱེད་པ”བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ནས་བཅའ་ཁྲིམས་སྒྲོག་འགྲེལ་བྱེད་སྒོ་ཐེངས་1803སྤེལ་བར་མང་ཚོགས་མི་ཐེངས་ཁྲི་33.6ཞུགས་ཡོད་པ་རེད། གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་རྒྱལ་དར་སྒྲེང་བ་དང་རིག་རྩལ་འཁྲབ་སྟོན་སོགས་ཀྱི་བྱེད་ཐབས་ཐོག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཞུགས་པའི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐོང་འཐེན་ཧུར་ཐག་བྱས་ཏེ་མང་ཚོགས་ཚོས་གོ་བདེ་བ་དང་དང་ལེན་ཐུབ་པ་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་མི་སེམས་སུ་ཟུག་པ་བྱས་པ་རེད།

    འབབ་འཕར་ཕྱུག་འགྱུར་ལ་སྣང་ཆེན་གྱིས་ཡོང་འབབ་ཐབས་ལམ་རྒྱ་ཆེར་སོང་བ།

    ལྷོ་ཁ་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་པད་མ་སྒྲོལ་མས་ངོ་སྤྲོད་བྱས་པར། གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་དམངས་ཕྱུག་གྲོང་དར་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས་བཅའ་སྡོད་གྲོང་ཚོར(ཨུ་ལྷན)འཕེལ་རྒྱས་ཀྱི་བསམ་ཕྱོགས་1402གསལ་པོ་བཟོ་རོགས་དང་། འཕེལ་རྒྱས་ཀྱི་ཐབས་ལམ་818འཚོལ་རོགས། དཔལ་འབྱོར་འཕེལ་རྒྱས་ཀྱི་འཆར་འགོད་1522བཟོ་རོགས་དང་ལག་བསྟར་བྱེད་རོགས་བཅས་བྱས་པ་རེད།

    དེ་དང་ཆབས་ཅིག གྲོང་ཚོ་ཁག་ཏུ་བཅའ་སྡོད་ལྷོ་ཁ་གྲོང་ཁྱེར་གྱི་ལས་དོན་རུ་ཁག་གིས་ཁྱད་ལྡན་ཞིང་འབྲོག་ལས་དང་། མི་རིགས་ལག་ཤེས་བཟོ་ལས། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་རྣམ་གྲངས་སྔོག་འདོན་དང་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་བཅའ་སྡོད་གྲོང་ཚོར(ཨུ་ལྷན)དཔལ་འབྱོར་དངོས་ཚན་315འཕེལ་རྒྱས་གཏོང་རོགས་བྱས་པ་དང་དཔལ་འབྱོར་དངོས་ཚན་182དང་མཉམ་ལས་བྱས་པ་དང་། མང་ཚོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྒྱུའི་སྐུལ་ལྕག་བྱས་ཏེ་མི་ཐེངས་ཁྲི་2.15ཡི་ངལ་ནུས་ཕྱིར་གཏོང་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་2.3བྱུང་ཡོད། ཕྱུག་འགྱུར་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ཏེ་དམངས་ལ་བྱ་བ་དངོས་251དོན་འཁྱོལ་བྱས་པར་མ་དངུལ་སྒོར་ཁྲི་1449ལྷག་ཙམ་བཏང་ཡོད་པ་རེད།

    བྱེད་སྒོའི་གཞི་རྟེན་ལ་སྣང་ཆེན་གྱིས་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་མང་དུ་ཕྱིན་པ།

    ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་ཆེད། གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས“གྲོང་ཚོ་གཅིག་ལ་སྲིད་ཇུས་གཅིག”གི་འབབ་འཕར་ཐབས་ཤེས་དང་འབབ་འཕར་གྱི་ལས་དོན་ཇུས་གཞི་ཁག་785བཟོ་རོགས་བྱས་ཏེ་དམངས་ཕན་སྲིད་ཇུས་ཀྱིས་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཕན་འབྲས་ཆེར་གཏོང་གིས་འབབ་འཕར་ལ་སྐུལ་འདེད་གཏོང་བ། རྣམ་གྲངས་སྣེ་ཁྲིད་ཀྱིས་འབབ་འཕར་ལ་སྐུལ་འདེད་གཏོང་བ། ལས་ཞུགས་ལས་གཏོད་ཀྱིས་འབབ་འཕར་ལ་སྐུལ་འདེད་གཏོང་བ། མཐའ་སྐྱོང་འགན་ལེན་གྱིས་འབབ་འཕར་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱེད་ཐབས་ལག་བསྟར་དོན་འཁྱོལ་བྱས་ནས་ཞིང་འབྲོག་པ་རྒྱུན་མཐུད་དང་བརྟན་པོའི་སྒོ་ནས་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།

    གཞན་ཡང་། ལྷོ་ཁ་གྲོང་ཁྱེར་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གིས་རྩ་འཛུགས་འཛུགས་སྐྱོང་ལ་སྣང་ཆེན་དང་། དམངས་ཀྱི་སེམས་ཁྲལ་སེལ་བར་སྣང་ཆེན། སྲིད་ཇུས་དོན་འཁྱོལ་ལ་སྣང་ཆེན། དབུལ་སྒྲོལ་འགག་སྒྲོལ་ལ་སྣང་ཆེན། ལྟེ་བར་དམིགས་རྒྱུར་སྣང་ཆེན། སྤྱི་འདོམས་མཐུན་སྦྱོར་ལ་སྣང་ཆེན་སོགས་ནས་འགོ་བཙུགས་ཏེ་གྲོང་སྡོད་ལས་དོན་གཏིང་ཟབ་ངང་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་ནས་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། མང་ཚོགས་ཀྱི་དགོས་མཁོར་རོགས་རམ་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་སེལ་བ་བཅས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།