[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འབྱོར་འབྲིང་ལམ་གྱི་ཐོན་ལས་བཀྲག་མདངས་ཆེ།

    —— རང་ལྗོངས་ཀྱི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-06

    675445_yis_1572500143728.jpg

    འདི་ནི་ཆབ་མདོའི་འགྲེམས་ཁང་དུ། དྲ་ཐོག་ཏུ་སྐད་གྲགས་ཡོད་པའི་ངག་དབང་བསྟན་རྒྱས་ཀྱིས་སྐུ་མགྲོན་ལ་ཁྱད་ལྡན་ནས་ཀྱི་ཐོན་རྫས་རྩམ་འདུར་སྟོན་བཞིན་པ།

    བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་དང་། ལྗང་མདོག་གནོད་མེད་ཀྱི་ཤིང་ཏོག་དང་སྔོ་ཚལ། “ཐོབ་ཐང་ལག་ཁྱེར་ཡོད་པའི་ཚགས་ཤ” བོད་ལུགས་འཁྱགས་པ་བྱི་རིལ། འབྲོག་ཁུལ་གྱི་དཀར་ཆུའི་ཐོན་རྫས་སྣ་ཚོགས་སོགས། ཟླ་10ཚེས་16ཉིན། རང་སྐྱོང་ལྗོངས་ཀྱི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་ལྷ་སར་འགོ་ཚུགས་པ་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱིས་2016ལོ་ནས་བཟུང་རྒྱབ་སྐྱོར་སྐྱེད་སྲིང་བྱས་པའི་ཐོན་ལས་མཉམ་ལས་ཁང་132ཚུད་པའི་ཁེ་ལས་224འགྲེམས་སྟོན་ལ་ཞུགས་ཡོད་པ་རེད།

    དཔྱིད་ཀྱི་མེ་ཏོག་ཆུན་པོ་ལ། སྟོན་གྱི་གཡུར་ཟའི་འབྲས་བུ་ཐོགས།

    དབུལ་སྒྲོལ་འགག་སྒྲོལ་ནི་མིག་སྔར་དམངས་འཚོའི་འདུ་འགོད་ཆེ་ཤོས་ཤིག་ཡིན་པས་མི་རྣམས་ཀྱིས་རྒྱ་ཁྱབ་ངང་དོ་ཁུར་བྱེད་ཀྱི་ཡོད། འདི་ལོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་དབུལ་སྒྲོལ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཡིན་ལ་ང་ཚོས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་དུས་མཚམས་གལ་ཆེན་ཞིག་ཀྱང་རེད།

    ཟླ་10ཚེས་17ཉིན་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་6པ་འཆར་ལ་ཉེ་བའི་མཚམས་སུ། རང་ལྗོངས་ཀྱི་2016ལོ་ཚུན་གྱི་ཐོན་ལས་དབུལ་སྐྱོར་ལ་ཐོབ་པའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། རང་ལྗོངས་ཀྱི་ཐོན་ལས་དབུལ་སྐྱོར་ལ་ཐོབ་པའི་གྲུབ་འབྲས་གཡུར་ཟ་ངོམ་སྟོན། རང་སྐྱོང་ལྗོངས་ཀྱིས་དབུལ་སྐྱོར་ཐོན་ལས་ཀྱི་གྲུབ་འབྲས་དང་ཁྲོམ་ར་འབྲེལ་མཐུད་ནུས་ལྡན་ལ་སྔར་བས་ཤུགས་སྣོན་རྒྱག་པར་དམིགས་པ། འཛད་སྤྱོད་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། འགྲེམས་ཚོང་གཙོ་བོར་བྱས་པའི་གྲུབ་འབྲས་འགྲེམས་སྟོན་གཉེར་ཏེ་སྤྱི་ཚོགས་ཡོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱུས་མངའ་ལོན་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་ཞུགས་པར་སྔར་བས་སྐུལ་འདེད་བཏང་བ་རེད།

    འགྲེམས་ཚོགས་གཉེར་ཡུལ་དུ། ཐའེ་ཀྲའོ་གནའ་གྲོང་སྣམ་བུ་ལས་སྣོན་མཉམ་ལས་ཁང་གི་ལས་མི་བློ་བཟང་གིས་འགྲེམས་སྟེགས་ཀྱི་མདུན་དུ་སེམས་རྩ་འཁོལ་པོས་མགྲོན་པོར་ཁོ་ཚོའི་མཉམ་ལས་ཁང་གི་ཐོན་རྫས་ངོ་སྤྲོད་བྱེད་བཞིན་འདུག “ང་ཚོས་བཟོས་པའི་བོད་བཟོའི་སྦ་ཁུག་འདི་ནི་ལག་ཤེད་ཐོན་རྫས་རེད། རྒྱུ་ཆ་ཧ་ཅང་ཡག་པོ་ཡོད་པས་ཁྱེད་ཚོས་ནང་སའི་གྲོགས་པོ་ཚོར་ལག་རྟགས་ལ་སྤྲད་ཆོག” ཉོ་སྒྲུབ་ཚོགས་པ་ཞིག་འགྲེམས་སྟེགས་མདུན་དུ་རུབ་ནས་འཚང་ཁ་ཤིག་ཤིག་ངང་སྦ་ཁུག་འདེམས་པ་དང་གོང་ཚད་དྲིས་ཤིང་། སྐར་མ་གཉིས་ཙམ་ཡང་མ་འགོར་བར་ཚོང་བསྒྲིགས་པ་རེད།

    ཐོན་ལས་རིམ་པ་སྤར་བ་ཡིས། དབུལ་སྒྲོལ་མྱུར་ཚད་མགྱོགས་སུ་སོང་།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཐོན་ལས་གནད་སྨིན་དབུལ་སྐྱོར་གྲུབ་འབྲས་འགྲེམས་སྟོན་ལ་ནས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་དང་འབྲི་གཡག་གི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་དམིགས་སུ་བཙུགས་ཡོད། དུས་མཚུངས་སུ་འགྲེམས་ཁུལ་ནང་ནས་ཀྱི་ཚན་རྩལ་གྲུབ་འབྲས་འགྲེམས་སྟེགས་དང་འབྲི་གཡག་གི་ཚན་རྩལ་གྲུབ་འབྲས་འགྲེམས་སྟེགས་ཀྱང་བཙུགས་ནས་མང་ཚོགས་ཚོས་ནས་དང་འབྲི་གཡག་འདེབས་གསོའི་ལག་རྩལ་གསར་པར་ཐད་ཀར་རྒྱུས་མངའ་ལོན་པར་སྟབས་བདེ་བསྐྲུན་ཡོད།

    དེ་དང་ཆབས་ཅིག རང་ལྗོངས་ཀྱིས་ས་མཐོའི་སྔོ་ཚལ་ཐོན་ལས་གོང་འཕེལ་ཧུར་ཐག་བཏང་བར་འདེབས་ཁྱོན་མུའུ་ཁྲི་36ཟིན་པ་དང་། དབྱར་ཁར་སྔོ་ཚལ་མཁོ་སྤྲོད་བྱེད་ཚད་85%ཡན་ཟིན་ཏེ་གཞི་རྩའི་ཆར་གཙོ་བོ་ལྗོངས་ཕྱི་རོལ་ནས་དབོར་འདྲེན་བྱེད་པ་དེ་རང་ཁ་རང་སྤྲོད་བྱུང་ཡོད།

    མིག་སྔའི་བར། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2591ཡོད་པ་དང་། ཐོན་ལས་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་347.86ཟིན་ཏེ་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་དམངས་དབུལ་པོ་ཁྲི་23.6དུས་བཀག་ལྟར་དབུལ་སྒྲོལ་གྱི་སྐུལ་ཁྲིད་ཐེབས་པ་དང་། ཞིང་འབྲོག་པ་ཁྲི་40ཙམ་ལ་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ཐེབས་ཡོད།

    སྲིད་ཇུས་བཟང་པོས་སྣེ་ཁྲིད་པས། ཐོན་ལས་གོང་ནས་གོང་དུ་འཕེལ།

    “ཏང་དང་སྲིད་གཞུང་གིས་ང་ཚོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་གནང་བ་མ་ཟད། ད་དུང་བྲིན་ཚོང་དང་ཁྱབ་གདལ་གྱི་ལས་སྟེགས་བཟང་པོ་འདི་འདྲ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རང་ཉིད་ཀྱི་འབད་བརྩོན་འོག་མི་དེ་བས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ནག་ཆུ་གྲོང་ཁྱེར་བྱང་ཐང་འབྲོག་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་སྒྲོལ་མས་བཤད།

    དབུལ་སྒྲོལ་སྲིད་ཇུས་ལག་ལེན་བསྟར་བ་དེས་གོང་འཕེལ་གཏོང་འདོད་ཡོད་ཀྱང་འཛེམ་ཟོན་བྱེད་པའི་མི་རྣམས་ལ་བསྐྱར་དུ་ཡིད་ཆེས་འཕེལ་བར་བྱས་ཡོད། རང་ལྗོངས་ཀྱིས་སྔ་རྗེས་སུ་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་60ལྷག་ཙམ་བཟོས་ཏེ་ཕྱོགས་ཡོངས་དང་ཁྱབ་ཁོངས་མང་བའི“1+N”ཡི་སྲིད་ཇུས་མ་ལག་ཅིག་ཆགས་པ་དང་། རིམ་རྩིས་བྱས་ན་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་500ལྷག་ཙམ་བསྡུ་སྒྲིལ་བྱས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དང་འཚམ་པའི་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་གྱི་ལམ་སྲོལ་བཙུགས་པ་རེད། ཐོན་ལས་དབུལ་སྐྱོར་ལྟེ་བར་བྱས་ནས་བཙུགས་པའི་ཕུགས་ཕན་འབབ་འཕར་ལམ་སྲོལ་གྱིས་ནས་དང་འབྲི་གཡག་གཙོ་བོར་བྱས་པའི་དབུལ་སྐྱོར་ཐོན་ལས་ཆེན་པོ་དྲུག་གི་གོང་འཕེལ་མྱུར་པོར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། མིག་སྔའི་བར། ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་145དང་ཆེད་ལས་མཉམ་ལས་ཁང་ཆིག་ཁྲི་ལྷག་ཙམ་སྐྱེད་སྲིང་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།