[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འགྲམ་འགག་སྒོའི་ཕྱིར་གཏོང་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1ལྷག་ཙམ་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-28

    ཉེ་ཆར། གསར་འགོད་པར་གཉའ་ནང་རྫོང་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་29ཉིན་འགྲམ་འགག་སྒོའི་ཟོག་འདྲེན་བགྲོད་ལམ་སླར་གསོ་འཁོར་སྐྱོད་ཐུབ་པ་ནས་མིག་སྔའི་ཟླ་10ཚེས་24བར། འགྲམ་འགག་སྒོས་ཕྱིར་གཏོང་སྒོ་ཁྲལ་སྙན་ཞུའི་འཛིན་ཡིག་404ལ་ཞིབ་བཤེར་བྱས་ཤིང་། ཚོང་དོན་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.01ཟིན་པ་དང་། ཟོག་འདྲེན་བསྡོམས་འབོར་ཏུན་8051.51ཟིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མི་སྔར་འགྲམ་འགག་སྒོའི་ཟོག་འདྲེན་ནུས་པ་སླར་གསོ་ཐུབ་སྟེ་ཚོད་ལྟའི་འཁོར་སྐྱོད་བྱེད་བཞིན་པའི་དུས་མཚམས་སུ་སླེབས་པ་དང་། གཉའ་ནང་རྫོང་ཨུད་དང་། རྫོང་སྲིད་གཞུང་། འགྲམ་འགག་སྒོ་དོ་དམ་ཨུ་ལྷན་བཅས་ཀྱིས་ཟོག་འདྲེན་རླངས་འཁོར་ཤར་གཏོང་གི་འགྲོ་ལུགས་སྟབས་བདེར་བཏང་བ་བརྒྱུད་འགྲོ་སྐྱོད་ལ་སྟབས་བདེ་བསྐྲུན་པ་དང་། ངལ་ནུས་ཕྱིར་གཏོང་ཀུང་སི་དང་ཟོག་འགྲེམས་ཁེ་ལས་འབྲེལ་མཐུད་བྱས་ཏེ། དངོས་ཟོག་བླུགས་འབེབས་མི་སྣ་མང་དུ་བཏང་བ། འགྲིམ་འགྲུལ་གཤོང་སྟོན་ས་ཚིགས་བཙུགས་ཤིང་། འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་ཟོག་འདྲེན་རླངས་འཁོར་འཇོག་སྟངས་ལ་སྐོར་ཞིབ་དོ་དམ་བྱས་ནས་རླངས་འཁོར་བདེ་འཇགས་དང་གོ་རིམ་ལྡན་པར་བསྐྱོད་ཐུབ་པའི་འགན་ལེན་བྱས་པ་རེད། ད་ཡོད་ཀྱི་དངོས་ཟོག་བླུགས་འབེབས་བྱ་ཡུལ་རིམ་སྤོར་སྒྱུར་བཀོད་བྱེད་པ་སོགས་བྱེད་ཐབས་རབ་དང་རིམ་པ་སྤེལ་ནས་འགག་སྒོ་སྒྲོལ་བའི་ཕན་འབྲས་ཆེ་རུ་ནུས་ལྡན་བཏང་སྟེ་འགག་སྒོའི་བདེ་འཇགས་དང་། གོ་རིམ་ལྡན་པའི་འཁོར་སྐྱོད་འགན་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།