[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་ནེ་པ་ལ་དང་ཚོང་གཉེར་བྱེད་ཚད་དུས་མཚུངས་ལས་བཅུ་ཆ་བཞི་ལྷག་ཙམ་འཕར་བ།

    ​ ནེ་པ་ལ་ལོ་6བསྟུད་མར་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-27

    འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་རང་ལྗོངས་ཀྱིས་ནེ་པ་ལར་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་་སྒོར་དུང་ཕྱུར་22.25བྱས་པ་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་40.2%འཕར་བ་མ་ཟད། དུས་མཚུངས་ཀྱི་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་བསྡོམས་འབོར་གྱི་72.7%ཟིན་པས་ནེ་པ་ལ་ལོ་6བསྟུད་མར་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་ཡོད་པ་རེད།

    རང་ལྗོངས་ཀྱི་ཕྱིར་གཏོང་ཁྲོམ་ར་ཆེ་ཤོས་ཡིན་པའི་ངོས་ནས་འདི་ལོའི་ཟླ་དང་པོ་ནས་དགུ་པའི་བར་རང་ལྗོངས་ཀྱིས་ནེ་པ་ལར་ཕྱིར་གཏོང་སྒོར་དུང་ཕྱུར་21.10བྱས་པ་དེ་དུས་མཚུངས་ལས་36.3%འཕར་བ་དང་། ནེ་པ་ལར་ཕྱིར་གཏོང་བྱེད་པའི་རིན་ཐང་དེས་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི་94.8%བཟུང་ཡོད་པ་དང་ཚོང་དོན་གྱི་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་19.95ཟིན་ཡོད། དེའི་ནང་མཐའ་མཚམས་ཀྱི་གྲངས་འབོར་ཆུང་བའི་ཚོང་དོན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་20.26ཟིན་ནས་31.8%འཕར་བ་དང་མཐའ་མཚམས་མི་སེར་གྱི་ཕན་ཚུན་ཁྲོམ་རའི་ཉོ་ཚོང་སྒོར་དུང་ཕྱུར་1.37ཟིན་ཏེ་ལྡབ་5.47འཕར་ཡོད། ནེ་པ་ལར་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུ་དེ་གཞུང་ལམ་ནས་སྐྱེལ་འདྲེན་གཙོ་བོ་བྱས་པ་དང་དེའི་ནང་སྐྱིད་རོང་འགག་སྒོ་ནས་ནེ་པ་ལར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་བསྡོམས་འབོར་སྒོར་དུང་ཕྱུར་20.60ཟིན་ནས་30.9%འཕར་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།