[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཁེ་ལས་ཆུང་གྲས་ལ་དངུལ་རྩའི་གསོན་ཤུགས་བྱིན་པ།

    བོད་ཀྱི་དངུལ་རྩས་ཁེ་ལས་ཕྲན་ཚེགས་ལ་ཞབས་འདེགས་ཞུས་པའི་སྐོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-23

    671005_yis_1571303263679.jpg

    མི་དམངས་དངུལ་ཁང་ཉིང་ཁྲི་ཉིང་ལག་དངུལ་ཁང་གི་ལས་དོན་མི་སྣས་ལས་སྒོར་གྲོས་བསྡུར་བྱེད་བཞིན་པ།.

    671004_yis_1571303263269.jpg

    མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དམངས་གཉེར་ཁེ་ལས་ཀྱི་དངུལ་རྩའི་ཞབས་འདེགས་ལེགས་སུ་གཏོང་བའི་ཚོགས་འདུ་འཚོག་བཞིན་པ།

    གླེང་གཞི།

    འདི་ལོའི་ཟླ་བདུན་པའི་ཟླ་མཇུག་བར། རང་ལྗོངས་ཀྱི་ཁེ་ལས་ཕྲན་ཚེགས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1043.35ཟིན་ནས་དུས་མཚུངས་ལས་22.92%འཕར་བ་དེ་དངུལ་བུན་ཁག་གི་དུས་མཚུངས་འཕར་ཚད་ལས་བརྒྱ་ཆའི་གྲངས་16.69ཡིས་མཐོ་བ་ཡོད། དངུལ་བུན་ལྷག་གྲངས་ཡོད་མཁན་ཚོང་དུད་2769ཟིན་པ་དེ་ལོ་འགོ་ལས་ཚོང་དུད་600ལྷག་ཙམ་མང་དུ་ཕྱིན་ཡོད།

    སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ནོར་སྲིད་དང་དངུལ་རྩའི་མཉམ་སྒུལ་ལ་སྐུལ་འདེད་བཏང་བ།

    ཁེ་ལས་ཕྲན་ཚེགས་ནི་དཔལ་འབྱོར་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པའི་འབྱུང་ཁུངས་གཙོ་བོ་ཡིན་པས། དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བ་དང་། ལས་ཞུགས་མང་དུ་གཏོང་བར་སྐུལ་འདེད་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་གསར་པ་འཕེལ་བ་སོགས་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད།

    《བོད་རང་སྐྱོང་ལྗོངས་ཀྱི་ཡིད་རྟོན་དངུལ་བུན་གྱི་མཛུབ་ཁྲིད་བསམ་འཆར》ནང་། ཁེ་ལས་ཕྲན་ཚེགས་དེ་ཡིད་རྟོན་དངུལ་བུན་གྱི་གཙོ་གནད་རྒྱབ་སྐྱོར་བྱ་ཡུལ་དུ་བརྩི་དགོས་པ་དང་། 2019ལོའི་ཁེ་ལས་ཕྲན་ཚེགས་ཀྱི་དངུལ་བུན་གཏོང་ཚད་དེ་དངུལ་བུན་གཞན་ཁག་གི་ཆ་སྙོམས་གཏོང་ཚད་ལས་མཐོ་བ་ཡོད་དགོས་པའི་བླང་བྱ་བཏོན་ཡོད།

    གཞན་ཡང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དངུལ་བུན་སླར་ཡང་གཏོང་བའི་སྲིད་ཇུས་ཡག་པོ་སྤྱོད་པ་དང་། འཕེལ་ཤུགས་ལྡན་པའི་ངང་སྤྱོད་པ། འདང་ངེས་སྤྱོད་པ་བཅས་བྱས་ནས་དངུལ་ཁང་གི་སྒྲིག་གཞིས་དངུལ་རྩའི་ཐོན་ཁུངས་དེ་བས་མང་བ་ཁེ་ལས་ཕྲན་ཚེཌ་དང་། དམངས་གཉེར། ཞིང་འབྲེལ། ལྗང་མདོག་སོཌ་ཀྱི་ཁྱབ་ཁོངས་སུ་སྤྱོད་པར་ཁྲིད་སྟོན་བྱས་པ་རེད།

    ཐོན་རྫས་གསར་གཏོད་བྱས་ཏེ་སྣེ་མང་ཅན་གྱི་དགོས་མཁོ་བསྐངས་པ།

    རང་ལྗོངས་ཀྱི་དངུལ་ཁང་སྒྲིག་གཞིས་ཁྲོམ་རའི་ཁོར་ཡུག་དང་ཁེ་ལས་ཕྲན་ཚེགས་ཀྱི་དངུལ་རྩའི་དགོས་མཁོའི་འགྱུར་ལྡོག་གཞིར་བཟུང་། ཁེ་ལས་ཕྲན་ཚེགས་ཀྱི་དངུལ་རྩའི་ཐོན་རྫས་མ་ལག་ཟམ་མི་ཆད་པར་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་མི་འདྲ་བའི་དགོས་མཁོ་བསྐངས་ཡོད།

    ཟླ་བདུན་པའི་ཟླ་མཇུག་བར། ཞིང་ལས་དངུལ་ཁང་གི“ཁེ་ལས་ཆུང་གྲས་ཀྱི་སྟབས་བདེའི་དངུལ་བུན”གྱིས་ཁེ་ལས་ཕྲན་ཚེགས་215ལ་དངུལ་བུན་སྒོར་ཁྲི་7635.8བཏང་བ་དང་། འཛུགས་སྐྲུན་དངུལ་ཁང་གི“ཁེ་ལས་ཕྲན་ཚེགས་ཀྱི་མྱུར་གཡར”གྱིས་ཁེ་ལས་ཕྲན་ཚེགས་1741ལ་དངུལ་བུན་སྒོར་དུང་ཕྱུར་34.22བཏང་ཡོད།

    གཞན་ཡང་། རང་ལྗོངས་ཀྱིས་2018ལོའི་ལོ་སྨད་ནས་བཟུང་། དངུལ་ཁང་དང་ཁེ་ལས་ཀྱི་སྦྲེལ་མཐུད་ཚོཌ་འདུ་ཆེ་གྲས་ཐེངས་2སྒྲིག་འཛུཌ་བྱས་ཏེ། ཡུལ་དངོས་ནས་ཁེ་ལས་ཕྲན་ཚེཌ་དང་དམངས་གཉེར་ཁེ་ལས་94ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་61.03བཏང་ཞིང་། ཟླ་བདུན་པའི་ཟླ་མཇུག་བར་ཁེ་ལས་ཕྲན་ཚེཌ་དང་། དམངས་གཉེར་ཁེ་ལས་73ལ་དངུལ་བུན་སྒོར་དུང་ཕྱུར་32.22བཏང་བ་རེད།

    དངུལ་རྩའི་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ།

    ཁེ་ལས་ཕྲན་ཚེཌ“གཞི་ཁྱོན་ཆུང་བ་དང་། ཁ་ཐོར་བ། སྟོབས་ཆུང་བ”བཅས་ཀྱི་ཁྱད་ཆོས་ལ་དམིཌ་ཏེ། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས“དངུལ་ཁང་བརྒྱ་ཁེ་ལས་བརྒྱར་སྐྱོད་པ་དང་ཧང་ཀྲང་བརྒྱས་ཁེ་ལས་བརྒྱར་རོཌ་རམ་བྱེད་པའི”འཆར་གཞི་ལག་ལེན་བསྟར་ཏེ། ཁོངས་གཏོཌ་ཁུལ་གྱི་ལས་གཉེར་ཁང་དང་སྒྲིག་གཞི་ཚང་མའི་ཧང་ཀྲང་དང་ཀྲུའུ་རེན་གྱིས་ཁེ་ལས་ཕྲན་ཚེགས་གཅིག་དང་སྦྲེལ་མཐུད་བྱེད་པ་དང་། ཟླ་རེར་འདྲི་རྟོཌ་དང་འབྲེལ་གཏུག་ཐེངས་གཅིག་བྱས་ཏེ། ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་དང་མ་རྩ་བསྡུ་སྒྲིལ་གྱི་དགོས་མཁོ་ཤེས་རྟོགས་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཟླ་དང་པོ་ནས་བདུན་པའི་བར། ལྗོངས་ཡོངས་ཀྱི་དངུལ་ཁང་སྒྲིག་གཞི་15ཁེ་ལས་ཕྲན་ཚེགས་དང་། དམངས་གཉེར་ཁེ་ལས། སྒེར་གཉེར་བཟོ་ཚོང་ཚོང་ཁང་དང་དཔལ་འབྱོར་མཉམ་ལས་རྩ་འཛུགས་570ལྷག་ཙམ་དུ་བསྐྱོད་དེ་སྦྲེལ་མཐུད་བྱེད་པོར་དངུལ་བུན་སྒོར་དུང་ཕྱུར་19.41བཏང་བ་རེད།

    ཐབས་མང་མཉམ་སྤྱོད་ཀྱིས་མ་རྩ་བསྡུ་སྒྲིལ་གྱི་ཐབས་ལམ་མང་དུ་བཏང་བ།

    དངུལ་རྩའི་མ་རྩ་བསྡུ་སྒྲིལ་གྱི་གསོན་ཤུགས་འཕེལ་བར་བྱས་ཏེ་ཁེ་ལས་ཕྲན་ཚེགས་ཀྱི་མ་རྩ་བསྡུ་སྒྲིལ་ཐབས་ལམ་མང་དུ་ཧུར་ཐག་གཏོང་ཆེད། རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་ཐབས་མང་མཉམ་སྤྱོད་ཀྱིས་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་ཡོད།

    ཟླ་བདུན་པའི་ཟླ་མཇུག་བར། རང་ལྗོངས་ཀྱི་ཁེ་ལས་ཕྲན་ཚེཌ་ཀྱིས་མ་རྩ་བསྡུ་སྒྲིལ་གྱི་ལས་སྒོ་ཁག་50དང་། མ་རྩ་བསྡུ་སྒྲིལ་གྱི་དངུལ་གྲངས་སྒོར་དུང་ཕྱུར་137.89ཟིན་ཡོད།

    བོད་ཀྱི་དངུལ་རྩ་མིན་པའི་ཁེ་ལས་ཀྱི་ཐད་ཀའི་བུ་ལོན་དང་མ་རྩ་བསྡུ་སྒྲིལ་གྱི་བཞུགས་མོལ་ཚོགས་འདུ་འཚོཌ་ཏེ། བློ་གྲོས་ཕྱོཌ་བསྡུས་ཀྱིས་ཁེ་ལས་ཀྱིས་བུ་ལོན་གཡར་རྒྱུར་འགོག་རྐྱེན་བཟོ་བའི་བཀག་རྒྱ་མེད་པར་བཟོ་བ་དང་། དམངས་གཉེར་ཁེ་ལས་ཀྱི་བུན་འཛིན་སྤྱད་དེ་མ་རྩ་བསྡུ་སྒྲིལ་བྱེད་པའི་བྱ་ཐབས་ཁྱབ་གདལ་ཧུར་ཐག་བཏང་ཡོད། མིག་སྔའི་བར། བོད་ཀྱི་དངུལ་རྩ་མིན་པའི་ཁེ་ལས་5ཡིས་དངུལ་ཁང་དབར་གྱི་བུན་འཛིན་ཁྲོམ་རར་བུ་ལོན་གཏོང་ཆས་21སྤྲད་པར་མ་རྩ་སྒོར་དུང་ཕྱུར་164བསྡུ་རུབ་ཐུབ་ཡོད།

    མཉམ་ཤུགས་བསྒྲིལ་ནས“མ་རྩ་བསྡུ་སྒྲིལ་གྱི་དཀའ་གནད”ཞི་ལྷོད་དུ་བཏང་བ།

    སྟོད་ལུང་མིང་ཐའེ་གྲོང་རྡལ་དངུལ་ཁང་གིས། ལྷ་སའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་ཞིག་ལ་སྒྲིག་ཆས་དང་མ་བཅོས་རྒྱུ་ཆ་ཉོ་བའི་མ་དངུལ་འཕྲལ་མཁོ་ཆེ་བའི་གནས་ཚུལ་ཤེས་རྟོཌ་ཐུབ་རྗེས། མཉམ་ལས་ཁང་ལ་དངུལ་བུན་གཡར་བའི་འབྲེལ་ཡོད་དཔྱད་གཞི་མཁོ་འདོན་བྱེད་རོཌ་བྱས་ནས་མཉམ་ལས་ཁང་ལ་འཁོར་རྒྱུག་མ་དངུལ་སྒོར་ཁྲི་200གཡར་བ་རེད། མིག་སྔར་མཉམ་ལས་ཁང་གི་ཐོན་སྐྱེད་གཞི་ཁྱོན་ཆེ་རུ་སོང་ནས་ཐད་ཚོང་ཁང་གཉིས་མང་དུ་བཏང་ཡོད།

    ལོ་སྟོད་དུ་མངའ་རིས་ཀྱི་འཛུཌ་སྐྲུན་རྒྱུ་ཆ་ཕྱིར་ཚོང་ཁེ་ལས་ཆུང་གྲས་ཞིག་གིས་འཛུཌ་སྐྲུན་ཀུང་སི་ཁ་ཤས་དང་འཛུགས་སྐྲུན་རྒྱུ་ཆ་ཕྱིར་ཚོང་གི་གན་རྒྱ་བཞག་པ་དང་། ངར་ལྕགས་དང་ཨར་འདམ་སོགས་ཀྱི་འཛུགས་སྐྲུན་རྒྱུ་ཆ་ཉོ་བའི་དངུལ་འབོར་ཆེན་མཁོ་བས་ཞིང་ལས་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གིས་རང་འགུལ་ངང་འབྲེལ་གཏུག་བྱས་ཏེ། གཟའ་འཁོར་གཅིག་གི་ཚུན་དུ་ཁེ་ལས་ལ་ཡིད་རྟོན་དངུལ་བུན་སྒོར་ཁྲི་3000བཏང་ནས་ཁེ་ལས་ཀྱི་འཕྲལ་མཁོ་བསལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།