[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ​སྙེ་མོ་རྫོང་མཁར་རུ་ཤང་གི“རོང་ཁུལ་དཔལ་འབྱོར”འཕེལ་རྒྱས་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-27

    རི་མཐོ་གཡང་གཟར་གྱི་ལུང་ཤུར་རིང་མོར་གནས་པའི་སྙེ་མོ་རྫོང་མཁར་རུ་ཤང་ནི་ལྷ་ས་གྲོང་ཁྱེར་གྱི་ནུབ་སྒོ་ཆེ་མོ་ཞིག་རེད། སྔོན་ཆད་གྲོང་ཁྱེར་གྱི་ཉེ་འདབས་སུ་གནས་པའི་རོང་ཁུལ་ཆུང་ཆུང་དེ་ཉེ་བའི་ལོ་ཤས་ནང་ལྟ་སྐོར་སྤྲོ་གསེང་དང་། སོས་དལ་ལུས་གསོ། ཤིང་འབྲས་འཐུ་བ། ཞིང་ཁྱིམ་ཞག་སྡོད་སོགས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཏུ་བཏོད་ཡོད།

    སྤུས་ཚད་མཐོ་པོར་དམིགས་ཏེ་ཐབས་ལམ་གསར་པ་བཙལ་བ།

    ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གིས་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་སྟོབས་ཤུགས་ཀྱི་རོགས་རམ་འོག ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་སྟངས་འཛིན་གནས་ལ་འཁེལ་བ་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། གསར་གཏོད་རྣམ་པའི་ཐོག་ནས“རོང་ཁུལ་དཔལ་འབྱོར”འཕེལ་རྒྱས་གཏོང་རྒྱུའི་བསམ་ཕྱོགས་གསར་པ་བཏོན་ཡོད།

    “རོང་ཁུལ་དཔལ་འབྱོར”ནི་རང་བྱུང་རོང་ཁོངས་སྡེ་ཚན་དུ་བྱས་ཏེ་རོང་ཁོངས་ཀྱི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་རིག་གནས། ཁྱད་ལྡན་ཐོན་ལས་སོགས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ་དང་། རི་དང་། ཆུ། ནགས་ཚལ། ས་ཞིང་། འགྲོ་ལམ། གྲོང་ཚོ། ཐོན་ལས་འཕེལ་རྒྱས་བཅས་ལ་སྤྱི་ཡོངས་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་གང་ལེགས་བྱས་ཏེ། སྣོད་བཅུད་བཅོས་སྒྲིག་དང་། འདེབས་འཛུགས་གསོ་སྤེལ་ལས་རིགས། དམངས་སྲོལ་ཡུལ་སྐོར་ལས་རིགས། ལྟ་སྐོར་དང་ཞིང་ལས་འཕེལ་རྒྱས་གཞི་གཅིག་ཏུ་འདུས་པའི་རོང་ཁུལ་ཐོན་ལས་དཔལ་འབྱོར་ཁུལ་ཞིག་བཏོད་ཡོད།

    སྔོན་ཆད་ཀྱི་རོང་ཁུལ་དེང་སྐབས་ཀྱི“ནོར་གཞོང”ལ་གྱུར་པ།

    2017ལོར་མཁར་རུ་ཤང་གིས་པེ་ཅིང་གི་བོད་སྐྱོར་མ་དངུལ་ལ་བརྟེན་ནས་མཁར་རུ་གྲོང་ཚོའི“སྟར་ཁའི་ཕ་ཡུལ་གྱི་དྲན་གསོ”ཞེས་པའི་དམངས་སྲོལ་མཛེས་ལྗོངས་ཁུལ་སྐྲུན་འགོ་བཙུགས། 2018ལོའི་ཟླ་5ཚེས་1ཉིན། མཛེས་ལྗོངས་ཁུལ་ཚོད་ལྟ་གཉེར་སྐྱོང་བྱེད་འགོ་བཙུགས་ཤིང་། ན་ནིང་གི་ལོ་མཇུག་བར་ཁྱོན་བསྡོམས་མི་ཐེངས་ཁྲི་1ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ས་གནས་དེ་གའི་མང་ཚོགས་དུད་ཚང་13མཛེས་ལྗོངས་ཁུལ་དུ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང་། དུད་ཚང་དབུལ་པོ་2ཀྱི་མང་ཚོགས་སྙེ་མོ་ཧའོ་མའེ་གྲོང་གསེབ་དམངས་སྲོལ་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་ཏེ། མཛེས་ལྗོངས་ཁུལ་དུ་ཨ་མ་རྒས་མོའི་ནས་ཆང་འཁོར་ཁང་དང་ཁམ་བུ་མེ་ཏོག་སྤྲོ་གསེང་སྒོ་ར་གཉེར་སྐྱོང་བྱས་ནས། ཤང་ཡོངས་ཀྱི་དུད་ཚང་དབུལ་པོ་59ལ་གཉེར་སྐྱོང་ཁེ་སྤོགས་སྒོར་ཁྲི་28.4བགོ་འགྲེམས་བརྒྱབ་པ་དང་། དུད་ཚང་ལ་ཆ་སྙོམས་འབབ་འཕར་སྒོར་4800ལྷག་ཙམ་བྱུང་ཡོད།

    2018ལོའི་ལོ་མཇུག་ཏུ་མཁར་རུ་ཤང་གིས་བོད་སྐྱོར་མ་དངུལ་ལ་བརྟེན་ནས“ཆུ་ཚན་ས་ཚིགས”སྐྲུན་འགོ་བཙུགས་ཤིང་། 2019ལོའི་ཟླ་4པར་སྐྲུན་མཇུག་སྒྲིལ་བ་དང་ལོ་དེའི་ཟླ་5པར་འཁོར་སྐྱོད་ཚོང་གཉེར་བྱེད་འགོ་ཚུགས་པ་རེད།

    ཕྱུག་འགྱུར་བྱེད་ཐབས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་པ།

    ཉེ་བའི་ལོ་གཉིས་རིང་། མཁར་རུ་ཤང་གིས་ནུས་ཆེའི་ཉི་འོད་དྲོད་ཁང་དང་། ཁམ་བུ་འདེབས་འཛུགས་རྟེན་གཞི་ཆེ་མོ། མཁར་རུ་ཤང་གི་འབྲི་གཡག་རྒྱགས་གསོའི་རྣམ་གྲངས། རྒྱ་མ་རི་བོད་བྱ་གཞི་ཁྱོན་ཅན་གྱི་གསོ་ཚགས་རྟེན་གཞི་སོགས་རྣམ་གྲངས་སྔ་རྗེས་སུ་བསྐྲུན་པ་དང་སྦྲགས། རོང་ཁོངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། སྣོད་བཅུད་ཁོར་ཡུག ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་དུས་མཉམ་དུ་འཕེལ་རྒྱས་བྱུང་ཡོད།

    མཁར་རུ་ཤང་ཏང་ཨུད་དང་སྲིད་གཞུང་གིས་བོད་སྐྱོར་སྟོབས་ཤུཌ་ཀྱི་རྒྱབ་སྐྱོར་ཤུཌ་ཆེན་འོག ཁྲོམ་ར་ཕྱོཌ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། འཆར་འགོད་དང་འཆར་གཞི་ཡག་པོ་བཟོ་བ། བརྗོད་དོན་གཙོ་བོ་དང་གཙོ་རྐང་མངོན་གསལ་དོད་པོར་འཇོག་པ། ཁྱད་ལྡན་ཐོན་ལས་དང་སྦྲེལ་མཐུད་བྱེད་པ། གྲོང་གསེབ་ཀྱི་ཐོན་ཁུངས་ལེཌ་ཆ་ཆེ་རུ་གཏོང་བ། ས་ཁོངས་ཀྱི་ཞིང་ཞོར་ཐོན་རྫས་ཀྱི་སྤུས་རྟཌ་གཏོད་པ། རོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤུཌ་ཆེན་གཏོང་བ་བཅས་བྱས་ཏེ། ཡར་ཀླུང་གཙང་པོའི་ལུང་ཤུར་རིང་མོ་དེ་ཁྱད་ཆོས་མངོན་གསལ་དོད་པའི་ཡུལ་སྐོར་ཐོན་ལས་ཁུལ་ཞིག་ཏུ་བཏོད་པས་ཐོན་ལས་དང་ཁྲོམ་ར་སྤྲོད་མཁོ་གཉིས་འཕེལ་བྱུང་ཡོད།

    སྙེ་མོ་རྫོང་ཨུད་དྲིལ་བསྒྲཌ་པུའི་པུའུ་ཀྲང་གཞོན་པ་ཝུན་པོས་གསར་འགོད་པར་རྫོང་ཡོངས་ཀྱི་ས་མཐོའི་རི་ཁུལ་མང་ཚོཌ་ཚོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པ་ནི། རྫོང་ཨུད་དང་སྲིད་གཞུང་གིས“རོང་ཁུལ་དཔལ་འབྱོར”སྐྱེད་སྲིང་བྱེད་པའི་ཐོག་མའི་དམིགས་ཡུལ་ཡིན་ལ། འཕེལ་རྒྱས་ཀྱི་ཕན་འབྲས་ཤན་འབྱེད་བྱེད་པའི་ཐིག་ཤིང་ཞིག་ཀྱང་ཡིན་ཞེས་བརྗོད་པ་རེད།

    664307_yis_1569305592043_s.jpg

    འདི་ནི་བོད་བྱ་གསོ་ཚགས་ར་བ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།