[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ལྗོངས་ཀྱི་དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་ནུས་པ་བརྟན་པོའི་ངང་འཕར་བ།

    ཟླ་དྲུག་པའི་ཟླ་མཇུག་བར་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་གྱི་གསོག་ཚད་སྒོར་དུང་ཕྱུར་6000ཙམ་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    འདི་ལོའི་ལོ་སྟོད་དུ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས“དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་སེལ་བ། དངུལ་རྩའི་སྒྱུར་བཅོས་ཟབ་ཏུ་གཏོང་བ”བཅས་ཀྱི་ལས་འགན་ཆེན་པོ་གསུམ་ལ་དམིགས་ཏེ་དངུལ་ལོར་སྲིད་ཇུས་བརྟན་པོ་དང་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ལག་བསྟར་བྱས་པས་ལྗོངས་ཡོངས་ཀྱི་དངུལ་རྩའི་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་བྱུང་བ་དང་། དངུལ་རྩའི་ཉེན་ཁ་འགོག་ཟོན་ནུས་ལྡན་ཐུབ་པ། དངུལ་རྩའི་ཞབས་ཞུའི་དངོས་ཚན་དཔལ་འབྱོར་གྱི་ནུས་པ་བརྟན་པོའི་ངང་འཕར་ཡོད།

    ཟླ་དྲུག་པའི་ཟླ་མཇུག་བར་བོད་ཀྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་གྱི་གསོག་ཚད་སྒོར་དུང་ཕྱུར་6000ཟིན་པ་དང་དངུལ་རྩའི་སྒྲིག་གཞིའི་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་4646ཟིན་པ་དེ་དུས་མཚུངས་ལས་5.78%འཕར་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མ་དངུལ་གྱི་གཞི་རྩའི་དགོས་མཁོ་ནུས་ལྡན་ངང་བསྐངས་ཡོད། ཀུན་ཕན་དངུལ་རྩའི་ཁྱབ་ཁོངས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་329.55ཟིན་པ་དེ་དུས་མཚུངས་ལས་40.78%འཕར་བ་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་1049.17ཟིན་པ་དེ་དུས་མཚུངས་ལས་26.23%འཕར་བ། ཞིང་དུད་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་285.63ཟིན་པ་དེ་དུས་མཚུངས་ལས་15.58%འཕར་བ། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་ལས་སྒོ་ཁྱོན་བསྡོམས་11བསྒྲུབས་ནས་མ་དངུལ་བསྡུ་སྒྲིལ་གྲངས་འབོར་སྒོར་དུང་ཕྱུར་24.02ཟིན་པ་དེ་དུས་མཚུངས་ལས་344.81%འཕར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།