[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་མཉམ་ཤུཌ་གསུམ་ལ་བརྟེན་ནས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-19

    ཉེ་ཆར། གསར་འགོད་པར་ཤེས་རྟོགས་བྱུང་བར། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲལ་དོན་ཅུས་ཀྱིས་ཁྲལ་རིན་གཉིས་གཅོག་གི་འགག་སྒྲོལ་དམག་འཐབ་ནང་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཕྱོགས་བཞི་ཀུན་ཁྱབ་ཀྱིས་ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་བའི་ལམ་སྲོལ་ལ་གཞིགས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་ནན་པོ་དང་། འགན་འཁྲི་ཁུར་སེམས་ནན་དུ་གཏོང་བ། ལེགས་སྐྱེས་ཀྱི་སྙིང་སྟོབས་རྒྱུན་འཛིན་བཅས་ཀྱིས་ཀྲི་པུའི་དམག་འཐབ་མཁར་རྫོང་གི་ནུས་པ་དང་། ཏང་ཡོན་གྱི་གདོང་ལེན་གཙོ་རྒོལ་ནུས་པ། ཁྲལ་དོན་དང་ཁེ་ལས་མཉམ་སྐྲུན་གྱི་གོང་བུ་འགྲིལ་ཤུགས་བཅས“སྟོབས་ཤུགས་གསུམ་སྒྲིལ”གྱི་ནུས་པ་འདོན་སྤེལ་བྱས་ཏེ“ཁྲལ་རིན་གཉིས་གཅོག”སྲིད་ཇུས་གནད་འཁེལ་ངང་དོན་འཁྱོལ་བྱས་ཡོད།

    “ལས་དོན་མཐའ་དག་ཀྲི་པུའུ་ཡིས་བཀོད་སྒྲིག་བྱེད་པའི་རྩ་དོན”གཞིར་བཟུང་། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་བྱེད་པའི་ལས་དོན་ཀྲི་པུའི་གཙོ་གནད་ལས་དོན་གྱི་ལས་འགན་གསལ་ཐོའི་ནང་བཅུག་སྟེ། 《ཀྲུང་གོ་གུང་ཁྲན་ཏང་གི་ཀྲི་པུའི་ལས་དོན་སྲོལ་ཡིག》དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག” རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ། སྙིང་གཏམ་ཤོད་རེས་སོགས་རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་གཞི་རྟེན་དུ་བྱས་ནས་ནང་ཁུལ་གྱི་སྲིད་ཇུས་གསོ་སྦྱོང་དང་། སྤེལ་རེས་བགྲོ་གླེང་། “བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ” ཆ་སྒྲིག་རོགས་ཁྲིད།“མངོན་པ་གསུམ་དང་། གསར་གཏོད་གསུམ། བསྡུར་བ་གསུམ”སོགས་ཀྱི་བྱེད་སྒོ་སྤེལ་ཏེ“ཏང་འཛུགས་སྐྱོང་དང་ཁྲལ་དོན་ཟུང་འབྲེལ”བྱས་ནས་ཁྲལ་རིན་གཉིས་གཅོག་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་གསོན་ཤུགས་སྦྱིན་ཡོད།

    ཏང་ཡོན་ཚང་མས་དར་ཆ་གསལ་སྟོན་བྱས་ཤིང་། ཅུས་དེའི་ཏང་ཡོན་ཚང་མས“ཁྲལ་རིན་གཉིས་གཅོག་གི་ལས་དོན་སྤེལ་རིང་ཆབ་སྲིད་ལ་སྣང་ཆེན་དང་། ལྷག་བསམ་རྣམ་དག་ལ་སྣང་ཆེན། གདོང་ལེན་པ་བརྩོན་ལེན་བཅས་ཀྱི”གྲོས་འགྲོ་དང་ལེན་ཧུར་ཐག་བྱས་ནས་ལས་སྒོའི་རྐང་འཛིན་པ་གཅིག་སྡུད་དང“ཁྲལ་རིན་གཉིས་གཅོག་གི་ཏང་ཡོན་གདོང་ལེན་རུ་ཁག”བཙུགས་ཏེ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ཤེས་དགོས་རིགས་ཚང་མར་ཤེས་སུ་བཅུག་པ་དང་ལོངས་སྤྱོད་ཐུབ་རིགས་ཚང་མར་ལོངས་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།