[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལས་གཏོད་པ་ཙེང་ལིང་ཅིང་གིས་བརྗོད་དོན།

    ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་ཙམ་མ་ཟད་སྤྱི་ཚོགས་ཀྱི་ཕན་འབྲས་དང་སྣོད་བཅུད་ཀྱི་ཕན་འབྲས་ལ་ཡང་ལྟ་རྟོག་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-28

    ཙེང་ལིང་ཅིང་ནི་སི་ཁྲོན་པ་རེད། 2016ལོའི་ཟླ་དགུ་པར་ཙེང་ལིང་ཅིང་གིས་པ་སྣམ་རྫོང་དུ་པ་སྣམ་གཙང་ཡུལ་ཆི་ཡོན་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་ཐོ་བཀོད་ནས་བཙུགས་པ་དང་འབྲེལ། པ་སྣམ་རྫོང་སྲིད་གཞུང་དང་པ་སྣམ་རྫོང་མྱང་གཞུང་དབུལ་སྐྱོར་གསར་སྤེལ་ཚད་ཡོད་ཀུང་སི་དང་མཉམ་དུ་པ་སྣམ་རྫོང་གི་མུའུ་ཁྲི་ཟིན་པའི་འདྲེ་ཚེར་མའི་སྣོད་བཅུད་ལྟ་སྐོར་ཐོན་ལས་གླིང་བསྐྲུན་པ་རེད།

    བོད་ཀྱི་གྲམ་ཐང་དུ་སྤུས་ལེགས་ཀྱི་འདྲེ་ཚེར་མ་གཞི་ཁྱོན་ཆེན་པོས་འདེབས་འཛུགས་བྱེད་པ་ནི་སྣོད་བཅུད་འཛུགས་སྐྱོང་གི་དཀའ་གནད་ཅིག་རེད་ལ། དེ་བས་ཀྱང་ལག་རྩལ་ཁྱབ་གདལ་གཏོང་བར་འགྲན་སློང་ཞིག་རེད། དེར་བརྟེན། ཙེང་ལིང་ཆིང་གིས་རྒྱལ་ཁབ་འདྲེ་ཚེར་མའི་འདུ་འགོད་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་ཉིང་ཞ་ཀྲུང་ཉིང་འདྲེ་ཚེར་མའི་ཐོན་ལས་ཚོགས་པ་དང་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ནས་འདྲེ་ཚེར་མ་འདེབས་འཛུགས་དང་། ལས་སྣོན། ཕྱིར་ཚོང་སོགས་ལ་ལག་རྩལ་གྱི་འདེགས་སྐྱོར་དང་གཉེར་སྐྱོང་གི་འགན་ལེན་ཕྱོགས་ཡོངས་ནས་མཁོ་འདོན་བྱས་པ་རེད།

    ལོ་གཅིག་རིང་འབད་བརྩོན་བྱས་པ་བརྒྱུད། ལྷ་གཞིས་ལྕགས་ལམ་གྱི་ལམ་རྒྱུད་དང་ཐག་ཉེ་བའི་མུའུ་3000(དུས་ཐེངས་དང་པོ)ཟིན་པའི་ཐང་རྒོད་དེ་ས་མཐོའི་ངོ་མཚར་ཆེ་བའི“མཚོ་དམར་པོར”གྱུར་ཡོད་པ་རེད།

    “2017ལོར་འདེབས་འཛུགས་བྱས་པའི་མུའུ་3000ཡི་སྐྱེ་ལྡན་འདྲེ་ཚེར་མའི་འདེབས་འཛུགས་དཔེ་སྟོན་རྟེན་གཞི་དེ་ལོ་3སོང་རྗེས་ཐོན་ལེགས་ཀྱི་དུས་སུ་སླེབས་རྒྱུ་དང་། སྔོན་དཔག་ལྟར་ན་མུའུ་3000ནས་ལོ་རེར་འདྲེ་ཚེར་མ་སྤྱི་རྒྱ་ཁྲི་45ནས་90བར་ཐོན་ཐུབ་པ་དང་ལོ་རེར་ཡོང་འབབ་སྒོར་དུང་ཕྱུར་1ཡན་རག་ནས་མང་ཚོགས་དེ་བས་མང་བའི་ལས་ཞུགས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་ཐུབ”ཅེས་ཙེང་ལིང་ཅིང་གིས་བཤད།

    “ང་ཚོས་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་ལ་བསམ་བློ་གཏོང་དགོས་པ་མ་ཟད། ད་དུང་སྤྱི་ཚོཌ་ཀྱི་ཕན་འབྲས་དང་སྣོད་བཅུད་ཀྱི་ཕན་འབྲས་ལ་ཡང་ལྟ་རྟོག་བྱེད་དགོས”ཞེས་པ་ནི་ཙེང་ལིང་ཅིང་གི་ཕུགས་བསམ་དང་འདུན་པ་རེད།

    མུའུ་ཁྲི་ཟིན་པའི་འདྲེ་ཚེར་མའི་རྣམ་གྲངས་ལག་ལེན་བསྟར་ནས་ཐང་རྒོད་མང་པོ་གོ་ཆོད་དུ་གྱུར་ཏེ། སྔོ་ཁེབས་ཁྱབ་ཚད་ཆེ་རུ་གཏོང་ཞོར་དུ་ས་གནས་དེ་གའི་སྣོད་བཅུད་ཁོར་ཡུག་གི་ངན་ཐོག་ངན་འཁོར་ལ་གཏན་འགོག་ནུས་ལྡན་ཐུབ་ནས་ཁོར་ཡུག་སྔོ་འགྱུར་དང་། རླུང་འགོག་བྱེ་འཇགས། ས་ཆུ་སྲུང་འཛིན། ས་ཁོངས་གནམ་གཤིས་ལེགས་གཏོང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཕན་འབྲས་ཡག་ཤོས་ཐོན་ཡོད་པ་རེད།

    635613_yis_1561368949497_s.jpg

    འདི་ནི་ཙེང་ལིང་ཅིང་དང་འདེབས་འཛུགས་ལམ་ལྷོངས་བྱུང་བའི་འདྲེ་ཚེར་མ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།