[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཟླ་དང་པོ་ནས་ལྔ་པའི་བར་ཨ་སྒོར་ཁྲི་64.9ཟིན་པའི“བོད་ཀྱི་ཆུ་བཟང”ཕྱིར་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-20

    འདི་ལོ་ཚུན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བོད་ཀྱི་ཆུའི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ལྟ་འདོམས་ལ་ཤུགས་སྣོན་དང་ཞབས་འདེགས་ལེགས་གཏོང་གིས“བོད་ཀྱི་ཆུ་བཟང”གི་གྲགས་ཅན་སྤུས་རྟགས་གཏོད་པར་རམ་འདེགས་བྱས་པ་རེད། 2019ལོའི་ཟླ་དང་པོ་ནས་ལྔ་པའི་བར། རང་བྱུང་འཐུང་ཆུ་ཁག་ཐེངས་81ཕྱིར་གཏོང་ལ་ལྟ་འདོམས་བྱས་པ་དེ་དུས་མཚུངས་ལས་153.1%འཕར་བ་དང་། དེ་དག་གི་སྤྱིའི་རིན་ཐང་ལ་ཨ་སྒོར་ཁྲི་64.9ཟིན་གྱི་ཡོད་པ་དེ་དུས་མཚུངས་ལས་76.4%འཕར་ཡོད། བྲིན་ཚོང་བྱ་ཡུལ་གཙོ་བོ་ནི་ཀྲུང་གོའི་ཤང་ཀང་དང་། ཀྲུང་གོའི་ཨའོ་མོན། སིང་ཀ་ཕོར་སོགས་ཡིན་པ་རེད།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཕྱིར་གཏོང་ཁེ་ལས་ཀྱི་འགྲོ་ལུགས་ལ་གཙོ་གནད་ཞིབ་དཔྱད་དང་། ཁེ་ལས་ཀྱི་ཆུ་གཙང་སེལ་དང་། ཐོན་སྐྱེད་ལས་རིམ། ཚོད་ལྟ་ཁང་གི་སྒྲིག་ཆས་འཁོར་རྒྱུག་གནས་ཚུལ་བཅས་ཀྱི་ཞིབ་བཤེར་འཇུག་གཞིར་བྱས་ཏེ་དུས་བཀག་དང་དུས་ངེས་མེད་དུ་ཕྱིར་གཏོང་ཐོན་སྐྱེད་ཁེ་ལས་ཀྱི་བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་ནད་ཡམས་བརྟག་བཤེར་དང་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་པ་དང་དུས་མཚུངས་ཆུའི་ཐོན་རྫས་ཕྱིར་གཏོང་གི་འགག་སྒོ་ནན་པོ་བསྲུངས་པ་རེད།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱི་སྲོག་ཆགས་སྐྱེ་དངོས་དང་བཟའ་བཅའ་ཞིབ་བཤེར་ནད་ཡམས་བརྟག་ཞིབ་ཁྲུའི་འགན་འཁུར་བས་ངོ་སྤྲོད་བྱས་པར། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་ཁུངས་ཀྱི་ལེགས་ཆ་ཉིན་རེ་ལས་མ་འདས་པར་མངོན་གསལ་དོད་དུ་ཕྱིན་པ་དང་སྦྲཌ་ཕྱི་རྒྱལ་གྱིས་རང་ལྗོངས་ཀྱི་རང་བྱུང་འཐུང་ཆུའི་ཐོན་རྫས་དགོས་འདོད་ཆེན་པོ་བྱེད་ཀྱི་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།