[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • པ་སྣམ་རྫོང་གིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་མཛོད་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-09

    ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་ཚུན། པ་སྣམ་རྫོང་གིས་ཐོན་ལས་དབུལ་སྐྱོར་གྱིས་ལས་དོན་ཡོངས་ལ་གཅིག་འདོམས་བྱས་ཏེ་ལག་བསྟར་རང་བཞིན་མཐོ་བ་དང་། འཕེལ་རྒྱས་ཀྱི་མདུན་ལམ་ཡག་པ། སྐུལ་ཁྲིད་ནུས་པ་མངོན་གསལ་དོད་པ་བཅས་ཀྱི་རྣམ་གྲངས་མཛོད་བཙུགས་ནས་རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།

    མིག་སྔར་པ་སྣམ་རྫོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཐོན་ལས་གནད་སྨིན་དབུལ་སྐྱོར་འཆར་འགོད་ཀྱི་དུས་དཀྱིལ་ཚོད་སྐོར་ལེགས་སྒྲིག་རྣམ་གྲངས་མཛོད་ལ་ཁྱོན་རྣམ་གྲངས་35ཡོད་པར་མ་དངུལ་སྒོར་དུང་ཕྱུར་23.83གཏོང་རྩིས་ཡོད་པ་རེད།

    པ་སྣམ་རྫོང་གིས་རྣམ་གྲངས་རེ་ཞུའི་འབྲེལ་ཡོད་བླང་བྱར་ནན་པོ་གཞིགས་ཏེ་འཇུག་འཐུས་ཆ་རྐྱེན་གསལ་པོ་བཟོས་པ་དང་རིམ་པ་བཞིན་དམ་འཛིན་གྱིས་ཞིབ་དཔྱད་བྱས་ཡོད། ལས་གཉེར་ལག་ཁྱེར་ཆ་ཚང་བ་དང་། ཐོན་སྐྱེད་བྱ་ཡུལ་ཡོད་པ། ཐོན་རྫས་དང་ཕྱིར་ཚོང་ཁྲོམ་ར་ཡོད་པ་བཅས་ནི་རྣམ་གྲངས་ཕྱོགས་འཐུས་ཀྱི་གཞི་རྩའི་ཆ་རྐྱེན་དུ་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་དོ་དམ་རྩ་དོན་ལ་གཞིགས་ནས་ཤང(གྲོང་རྡལ)ཁག་གིས་གཅིག་གྱུར་བསྡོམས་རྩིས་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་བསྐྱོད་ནས་བརྟག་ཞིབ་བྱས་ཏེ་རེ་ཞུ་བྱས་པའི་རྣམ་གྲངས་ཀྱི་དངོས་ཡོད་རང་བཞིན་དང་། དགོས་ངེས་རང་བཞིན། དེ་བཞིན་འཛུགས་སྐྲུན་གྱི་ནང་དོན་དང་། མ་དངུལ་གྱི་རགས་རྩིས། སྔོན་དཔག་གི་དམིགས་ཚད། སྔོན་དཔག་གི་ཕན་འབྲས། མང་ཚོགས་དབུལ་པོ་ཞུགས་པར་སྐུལ་ཁྲིད་སོགས་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་རྫོང་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཐོན་ལས་དབུལ་སྐྱོར་ཚོགས་ཆུང་ལ་སྔར་བས་ཞིབ་བཤེར་བྱ་རྒྱུར་གཅིག་གྱུར་ཕུལ་བ་རེད། ཤང(གྲོང་རྡལ)ཁག་གིས་བསྡོམས་རྩིས་རགས་འདེམས་རྣམ་གྲངས་ཀྱི་གསལ་ཐོར་གཞིགས་ནས་འབྲེལ་ཡོད་སྡེ་ཚན་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པར་སྒྲིག་འཛུགས་བྱས་ཐོག་རྣམ་གྲངས་ཀྱི་ཆོག་འཐུས་རང་བཞིན་དང་གཉེར་སྐྱོང་བྱེད་པོའི་དངུལ་བུན་འཇལ་ནུས་ལ་སྔར་བས་ཞིབ་བཤེར་བྱས་ནས《པ་སྣམ་རྫོང་གི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཐོན་ལས་གནད་སྨིན་དབུལ་སྐྱོར་འཆར་འགོད་རྣམ་གྲངས་ཀྱི་ཕྱོགས་བསྡུས་རེའུ་མིག》ཆགས་པ་དང་འབྲེལ། རྫོང་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་ཁག་སྒྲིག་འཛུགས་བྱས་ཏེ་རྣམ་གྲངས་ཀྱི་ས་ཆ་དང་། ཁོར་ཡུག་སྲུང་སྐྱོང་། རྣམ་གྲངས་འཛུགས་པ། སྤྱི་ཚོགས་ཀྱི་ཉེན་ཁ་སོགས་ལ་ཕྱོགས་ཡོངས་ནས་ཚོད་སྐོར་དང་རིགས་པས་ཁུངས་སྐྱེལ་བྱས་མཐར《པ་སྣམ་རྫོང་གི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཐོན་ལས་གནད་སྨིན་དབུལ་སྐྱོར་འཆར་འགོད་ཀྱི་རྣམ་གྲངས་མཛོད》ཆགས་ནས་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ལ་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་ཕུལ་བ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཐོན་ལས་གནད་སྨིན་དབུལ་སྐྱོར་འཆར་འགོད་བཟོ་བའི་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་བས་འཆར་འགོད་ལ་རིགས་པས་ཁུངས་སྐྱེལ་མི་ཐུབ་པ་དང་རྣམ་གྲངས་ཀྱི་ཚན་རིག་རང་བཞིན་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་པ་སྣམ་རྫོང་གིས་དུས་དཀྱིལ་གྱི་ལེགས་སྒྲིག་གོ་སྐབས་སུ་བྱས་ཏེ་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ཀྱི“རྒྱུ་རྐྱེན་བཞིའི”བླང་བྱར་ནན་པོ་གཞིགས་ནས་ཆ་རྐྱེན་དང་འཚམ་རིགས་སོར་འཇོག་དང་གསར་སྣོན་བྱས་པ་དང་། ཆ་རྐྱེན་དང་མི་འཚམ་རིགས་དོར་ཏེ་རྣམ་གྲངས་མཛོད་ཀྱི་རྣམ་གྲངས་དེ་སྔའི་74ནས་མིག་སྔའི་35བར་ཁུ་བསྡུ་བྱས་ཏེ་འཆར་འགོད་སྤྱི་ཡོངས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།