[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་ཀྱིས་འབྲས་དབྱི་སྨི་མུའུ་1900བཏབ་པར་ལོ་ལེགས་ཡག་པོ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-05

    ཉེ་ཆར། རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་རི་མ་གྲོང་ཚོ་དང་ས་སྐྱོང་གྲོང་ཚོ་སོགས་ཀྱིས་བཏབ་པའི་འབྲས་དབྱི་སྨི་མུའུ་1900ཟིན་པར་ལོ་ལེགས་ཡག་པོ་བྱུང་ཡོད་པ་རེད།

    འདི་ལོ་ཤར་ཚུན། རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ནས་སྤྲེལ་ཁམ་དང་། ཇ་ལོ། སེ་འབྲུ། འབྲས་དབྱི་སྨི་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རི་མ་དང་། ས་སྐྱོང་། རྫོང་འགོ བཀྲ་པ། སྒ་སྟོད་སྒ་སྨད་སོགས་གྲོང་ཚོར་འབྲས་དབྱི་སྨི་མུའུ་1900བཏབ་པ་རེད།

    སྲོལ་རྒྱུན་གྱི་ཞིང་ལས་ཐོན་ཟོག་གཞན་གྱི་རིན་གོང་དང་བསྡུར་ན། འབྲས་དབྱི་སྨི་བསྡུ་ཉོའི་རིན་གོང་སྤྱི་རྒྱ་རེར་སྒོར་4.75ཟིན་པས་དཔལ་འབྱོར་གྱི་ཕན་འབྲས་ཡག་པོ་ཡོད། རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་གྲོང་ཚོ་ཁག་གིས་འབྲས་དབྱི་སྨི་འདི་ཉིད་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་གཏོང་དང་མི་སེར་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་འདེབས་འཛུགས་ལག་རྩལ་གྱི་གསོ་སྦྱོང་དང་། ཞིང་ནང་དང་མུ་ཁའི་གཡོག་བྱེད་དོ་དམ། ནད་འབུའི་གནོད་འཚེ་སྔོན་འགོག་བཅས་ཀྱི་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར། རྫ་ཡུལ་རོང་སྨད་གྲོང་རྡལ་རི་མ་གྲོང་ཚོར་འབྲས་དབྱི་སྨིའི་ཐོན་འབབ་ཏུན་61དང་། ས་སྐྱོང་གྲོང་ཚོར་ཏུན་51 བཀྲ་པ་གྲོང་ཚོར་ཏུན་80 རྫོང་འགོ་གྲོང་ཚོར་ཏུན་9 སྒ་སྟོད་སྒ་སྨད་གྲོང་ཚོར་ཏུན་16བཅས་བྱུང་བའི་ཁར་ད་དུང་ཁག་གཅིག་བརྔ་བརྡུ་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།