[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལོ་40ཡི་རིང་ལྷོ་ཁའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-24

    ཟླ་11ཚེས་22ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་གསར་འགྱུར་གཞུང་དོན་ཁང་གིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། བསྡོམས་རྩིས་ལ་གཞིགས་ན། 2017ལོར། ལྷོ་ཁ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་སྒོར་དུང་ཕྱུར་145.8ཟིན་པ་དེ་1978ལོའི་ལྡབ་79ཡིན་པ་དང་། གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་261.7ཟིན་པ་དེ་1978ལོའི་ལྡབ་1908ཡིན་པ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་16.67ཟིན་པ་དེ་1978ལོའི་ལྡབ་938ཡིན་པ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་50.7ཟིན་པ་དེ་1978ལོའི་ལྡབ་255ཡིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་28535ཟིན་པ་དེ་1978ལོའི་ལྡབ་50ཡིན་པ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11265ཟིན་པ་དེ་1978ལོའི་ལྡབ་78ཡིན་པ་བཅས་རེད།

    རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཞིང་། ལོ་40ཡི་རིང་རྩེད་ཐང་ནས་གོང་དཀར་བར་གྱི་རིམ་མཐོའི་གཞུང་ལམ་བསྐྲུན་ནས་ཤར་གཏོང་ཐུབ་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ་7586ཟིན་པ། རྫོང་དང་ཆུས་12དང་། ཤང་དང་གྲོང་རྡལ་79 སྲིད་འཛིན་གྲོང་ཚོ་318བཅས་ལ་སྣུམ་ནག་ལམ་མམ་ཨར་འདམ་ལམ་ཤར་གཏོང་ཐུབ་པ་དང་ཤར་གཏོང་ཐུབ་ཚད་100%དང་། 96.34% 57.8%བཅས་སོ་སོར་ཟིན་པ། ཞིང་ཆུ་འདྲེན་པའི་འགན་ལེན་ཚད་དང་གྲོང་གསེབ་ཏུ་བདེ་འཇགས་འཐུང་ཆུ་འགན་ལེན་ཚད་82%དང་92%སོ་སོར་ཟིན་པ། གྲོང་གསེབ་ཏུ་བདེ་འཇགས་འཐུང་ཆུ་ཁྱབ་ཚད་100%ཟིན་པ། སྲིད་འཛིན་གྲོང་ཚོར་གློག་ཤར་གཏོང་ཐུབ་ཚད་100%ཟིན་པ། གློག་དྲ་གཙོ་བོ་ནས་གློག་གཏོང་ཚད་100%ཟིན་པ་བཅས་བྱུང་ཡོད། འཕྲིན་གཏོང་གི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་སྦྲག་སྲིད་དང་། ཁ་པར། དྲ་ཆེན་བཅས་ཁྱབ་ཚད་སྤྱིར་100%ཟིན་པ་རེད།

    ཐོན་ལས་འཕེལ་རྒྱས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཞིང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“འཕྲེང་འགོའི་ཞོག་དམར”དང་། “གྲ་ནང་གི་སྣམ་བུ” “ལྷུན་རྩེའི་ནས་ནག” “རྒྱ་ཚའི་སྟར་ཁ”སོགས་སྐད་གྲགས་ལྡན་པའི་སྤུས་རྟགས་ཁག་གཅིག་བཏོད་པ་དང་། “རྩེད་ཐེར”དང“ལྷུན་རྩེའི་ནས་ནག”ལ་རྒྱལ་སྤྱིའི་ཚོང་རྟགས་དུས་ཆེན་གྱི་གསེར་གྱི་བྱ་དགའ་ཐོབ་པ། གྲ་ནང་གི་གྲོའི་རྒྱལ་ཁབ་ཞིང་ལས་ཕྱོགས་བསྡུས་ཚད་ལྡན་ཅན་དཔེ་སྟོན་ཁུལ་རྣམ་གྲངས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གློག་ཤུགས་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་92ཟིན་ནས་ལྗོངས་ཡོངས་ཀྱི་གློག་ཤུགས་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྱི་གསུམ་ཆ་གཅིག་བཟུང་ཡོད་པ་རེད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། ལྷ་ས་ནས་ལྷོ་ཁའི་བར་གྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དང་། རྩེད་ཐང་དང་བསམ་ཡས་སོགས་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཚོད་ལྟའི་ཁུལ་མགྱོགས་མྱུར་བསྐྲུན་པ། བསམ་ཡས་སོགས་ཁྱད་ལྡན་གྲོང་རྡལ་ཆུང་གྲས་གསུམ་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱས་པར་གྲོང་ཁྱེར་དང་གྲོང་རྡལ་དུ་གྱུར་ཚད་29.9%ཟིན་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལམ་མཁྲེཌ་འགྱུར་དང་། མཛེས་འགྱུར། སྔོ་འགྱུར་བཅས་ཀྱི་ཁྱབ་ཚད་དང་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་100%དང་། 100% 38% 100%བཅས་སོ་སོར་ཟིན་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ནུས་པ་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

    སྤྱི་ཚོགས་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་སོང་ཞིང་། སློབ་གསོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། སློབ་གསོ་སྒྱུར་བཅོས་ཀྱི“ཅན་བཞིའི་འདུ་འགོད་ཁག་19”རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ། 100%ཡི་དམིགས་ཚད་ཁག་5གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ། ལྗོངས་ཡོངས་ཀྱི་སྔོན་ལ་རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ཅིང་། རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་བཅས་ཀྱི་འགན་བཅོལ་ལྟེ་བར་བྱེད་པའི་སྤྱི་ཚོགས་འགན་ལེན་མ་ལག་གཞི་རྩའི་ཆ་ནས་ཆགས་པ་དང་འགན་བཅོལ་ནང་ཞུགས་ཚད་ཚང་མ་97%ཡན་ཟིན་ཡོད་པ་རེད།

    མི་དམངས་ཀྱི་འཚོ་བ་ཉིན་བཞིན་ཡག་ཏུ་ཕྱིན་ཞིང་། སྣེ་གདོང་སོགས་རྫོང་དང་ཆུས་7གྱིས་བདེ་བླག་ངང་དབུལ་ཞྭ་ཕུད་པ་དང་། ཡིག་ཚཌ་དང་གཱ་བཟོས་པའི་མི་འབོར་དབུལ་པོ་37573དབུལ་སྒྲོལ་ཐུབ་པ། སྣ་དཀར་རྩེ་སོགས་ཤིན་ཏུ་དབུལ་པོའི་རྫོང་5དབུལ་ཞྭ་ཕུད་པའི་ཚད་གཞིར་སླེབས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བཅོལ་དངུལ་1978ལོའི་སྒོར་ཁྲི་205ནས་2017ལོའི་སྒོར་དུང་ཕྱུར་85.21བར་མང་དུ་ཕྱིན་ནས་ལྡབ་4160འཕར་ཡོད་པ་རེད།

    སྣོད་བཅུད་ཁོར་ཡུག་ཡག་པོ་རྒྱུན་འཁྱོངས་ཐུབ་ཅིང་། གྲོང་ཁྱེར་ཡོངས་ཀྱི་མི་ཐབས་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི་150ལྷག་ཙམ་དང་། འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་23ཙམ། ནགས་ཚལ་ཁྱབ་ཚད་24.79%བཅས་ཟིན་ཡོད། རྒྱལ་ཁབ་རིམ་པའི་མཛེས་ལྗོངས་སྐད་གྲགས་ཅན་1དང་། རང་བྱུང་སྲུང་སྐྱོང་ཁུལ་1 ནགས་ཚག་སྤྱི་གླིང་1 རང་སྐྱོང་ལྗོངས་རིམ་པའི་མཛེས་ལྗོངས་སྐད་གྲགས་ཅན་4བཅས་བསྐྲུན་ཞིང་། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་2དང་། ཤང་དང་གྲོང་རྡལ་57 གྲོང་ཚོ་ཨུ་ལྷན་337བཅས་བསྐྲུན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།