[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་ཆབ་མདོའི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་16.38ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-15

    འདི་ལོ་ཚུན་དུ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་། འདྲེན་སྤེལ་སྲིད་ཇུས་རྒྱུན་མཐུད་ངང་བཏོན་པ། ཞབས་ཞུའི་སྤུས་ཚད་སྔར་བས་ཡག་ཏུ་སོང་བ་བཅས་དང་བསྟུན་ནས་ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་གྱི་ཡོང་འབབ་མང་དུ་ཤུགས་ཆེན་སོང་ཡོད་ཅིང་། བསྡོམས་རྩིས་ལས་མངོན་པར་ཟླ་དང་པོ་ནས་ཟླ་9པ་བར་གྲོང་ཁྱེར་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་199.87ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་43.38%འཕར་བ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་16.38བྱུང་བ་དེ་དུས་མཚུངས་ལས་43.39%འཕར་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་གདེང་འཇོག་བཟང་པོ་རྒྱུན་ཆད་མེད་པར་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་སོང་ཡོད་ཅིང་། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་16དང་། སྐར་མ་རིམ་པའི་མགྲོན་ཁང་དང་གསོལ་མགྲོན་ཁང་13 ཡུལ་སྐོར་ལས་དོན་ཁང་2 ཡུལ་སྐོར་འགྲུལ་སྐྱེལ་ཀུང་སི་1 ཡུལ་སྐོར་ཞབས་ཞུའི་ཀུང་སི་1“ཟ་ལས”སྒར་ས་16 སྤང་མདའ་གནམ་ཐང་གི་རྒྱུག་ལམ་གཉིས་པ་བསྐྲུན་ཏེ་གནམ་གྲུ་ཤར་གཏོང་ཐུབ་ཡོད་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས《ཆབ་མདོའི་ཡུལ་སྐོར་གྱི་བྱ་དགའི་སྲིད་ཇུས་》བཟོས་ནས“སྤྲོ་ཞིང་སྤྲོ་བའི་ཁམས་པ། དགའ་ཞིང་སྐྱིད་པའི་ཆབ་མདོ”ཞེས་པའི་ཁང་འཁོར་མྱོང་རོལ་བྱེད་སྒོ་དང“སྤྲོ་ཞིང་སྤྲོ་བའི་ཁམས་པའི་རིག་གནས་ཡུལ་སྐོར་ཟླ་བ་སྐབས་དང་པོ”སོགས་ཀྱི་བྱེད་སྒོ་ལེགས་གྲུབ་ལྡན་པའི་ངང་སྒྲིག་འཛུགས་བྱས་ཏེ་སྤེལ་ཡོད་པས་ཆབ་མདོའི་ཡུལ་སྐོར་སྤུས་རྟགས་ཀྱི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།