[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཡུལ་གཞན་དུ་གནས་སྤོས་པ་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-11-06

    564623_yis_1541394810352_s.jpg

    འདི་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲོ་ཡུལ་ཆུ་མཛོད་ཀྱི་གནས་སྤོས་ཡུལ་མི་བཀོད་སྒྲིག་གི་འཛུགས་སྐྲུན་རྣམ་གྲངས་སྐྲུན་བཞིན་པ།

    ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་སྤེལ་ཚུན། རང་ལྗོངས་ཀྱི་གོང་འོག་ཚང་མས་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་དང་གྲོང་ཁྱེར་གྲོང་གསེབ་ཀྱི་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་པ་རེད། འདི་ལོའི་ཟླ་9པའི་ཟླ་མཇུག་བར། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་16.9ཡི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་དེས་གནས་སྤོས་མི་འབོར་ཡོངས་ཀྱི་63.5%བཟུང་བ་དང་། མ་དངུལ་སྒོར་དུང་ཕྱུར་144.9བཏང་བ་དེས་མ་དངུལ་སྤྱི་འབོར་སྒོར་དུང་ཕྱུར་170ཡི་85.2%བཟུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།