[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བྱེད་ཐབས་སྣ་མང་སྤྱད་དེ་དཔལ་འབྱོར་བརྟན་ཐོག་ལེགས་འཕེལ་ཡོང་བའི་འགན་ལེན་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཝང་ཧྲན།    |    སྤེལ་དུས།   2018-10-10

    དེང་སྐབས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཁོར་རྒྱུག་བརྟན་ལ་སྐྱོན་བྲལ་གྱི་སྒོ་ནས་འཕར་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་རུང་། དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེ་བ་སོགས་ཀྱི་གནད་དོན་སྔར་མུས་སུ་གནས་ཡོད། སྨྱུག་འཛིན་པས་ངོས་འཛིན་བྱས་དོན། ངེས་པར་དུ་གནད་དོན་ལ་ལྟ་སྟངས་ཡང་དག་བཟུང་ནས་འགན་འཁྲིའི་འདུ་ཤེས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། མཐོང་ཆེན་པོ་བྱེད་པ། བསམ་བློ་དང་བྱ་སྤྱོད་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ། སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་བླང་བྱ་དང་འཚམ་པ་བཅས་བྱས་ཏེ་འཕེལ་རྒྱས་ལ་དམ་འཛིན་དང་། རྣམ་གྲངས་འཛུགས་སྐྲུན། ཕྱོགས་སྒྱུར་ལ་སྐུལ་གཏོང་། སྒུལ་ནུས་བརྗེ་བ། ཉེན་ཁར་འགོག་ཟོན་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་གྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱེད་དགོས།

    མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་ནི་ལྷ་ས་གྲོང་ཁྱེར་གྱི་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་འགལ་ཟླ་དང་གནད་དོན་བསལ་བའི་ཤུགས་རྒྱག་ས་དང་ཚད་བརྒལ་ས་ཞིག་རེད། ཐོན་ནུས་འདོར་བ་དང་། མཛོད་ཉར་འདོར་བ། མགྱོགས་མདའ་མེད་པ། མ་གནས་ཆག་པ། ཞན་ཆ་གསབ་པ་བཅས་ཀྱི་ལས་འགན་གཙོ་བོ་ཁག་ལྔ་ལ་དམིགས་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་དགོས་པ་མ་ཟད། ལག་ལེན་བསྟར་རིང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། ལས་འགན་དང་འགན་འཁྲི་ཁ་གསལ་ཡོང་བ་བྱས་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་སྒྱུར་བཅོས་ལེགས་གཏོང་བཅས་བྱེད་པ་དང་། མཁོ་སྤྲོད་མ་ལག་གི་ཆུ་ཚད་མཐོ་རུ་དང་ཕན་ནུས་ཆེ་རུ་གཏོང་བ། དཔལ་འབྱོར་གསར་པ་དང་སྒུལ་ནུས་གསར་པ་གང་མགྱོགས་སྐྱེད་སྲིང་བཅས་བྱས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་འགན་ལེན་བྱེད་དགོས།

    དབུལ་སྐྱོར་འགག་སྒྲོལ་དང་། འབྲུབ་འགོག་གེགས་སེལ། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས། དབུལ་སྐྱོར་འགག་སྒྲོལ་དེ་ལྷ་ས་གྲོང་ཁྱེར་གྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་བརྩེ་བ་ཟབ་མོ་འཆང་བཞིན་དུས་ཚོད་དམ་འཛིན་དང་འགག་སྒྲོལ་གྱི་རྣམ་འགྱུར་ནན་པོ་བསྟན་ནས་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། འབྲུབ་འགོག་གེགས་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་ཉེན་བརྡ་སྔོན་དཔག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཉེན་སེལ་གྲ་སྒྲིག་དང་འབྲུབ་འགོག་ལས་རེས་ལ་ཤུགས་སྣོན་བརྒྱབ་སྟེ། འབྲུབ་འགོག་གེགས་སེལ་གྱི་ལས་དོན་དང་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། “ཏང་སྲིད་འགན་འཁྲི་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་ནན་པོ་གཞིར་བཟུང་། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་བཟུང་ནས་འགྲོ་ལམ་འགྲིམ་འགྲུལ་དང་། ཉེན་ཡོད་དངོས་ཟོག ཨར་སྐྲུན་སོགས་ཐད་ཀྱི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གཙོ་གནད་ཐོག་བཅོས་སྒྲིག་བྱས་ཏེ་བསམ་བློའི་ངོས་འཛིན་གནད་ལ་འཁེལ་བ་དང་། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ། ལས་ཀའི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ། ཁྲིམས་འཛིན་ལྟ་སྐུལ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས།

    དངོས་སྒྲུབ་ལ་བརྟེན་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་རྣམ་གྲངས་འགག་སྒྲོལ་གྱི་གདོང་ལེན་པ་དང་། ཁེ་ལས་ཀྱི་རོགས་སྐྱོར་གྱི་གདོང་ལེན་པ། དབུལ་སྐྱོར་འགག་སྒྲོལ་གྱི་གདོང་ལེན་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་གདོང་ལེན་པ། སྒྱུར་བཅོས་གསར་གཏོད་ཀྱི་གདོང་ལེན་པ་བཅས་བྱེད་པའི་བརྩོན་ལེན་བྱེད་དགོས། “ལས་དོན་འཕྲལ་མར་སྒྲུབ་པའི”སྙིང་སྟོབས་དར་སྤེལ་གཏོང་བ་དང“འཕྲལ་དུ་སྒྲུབ་པའི”ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཡང་དག་པའི་མི་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བློ་རྩེ་གཅིག་སྒྲིམ་ངང་འཕེལ་རྒྱས་ལ་འཚོལ་ཞིབ་དང་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུར་སྣེ་ཁྲིད་བྱས་ཏེ་ལྷ་སའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།