[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གསར་གཏོད་ལས་གཏོད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    548736_yis_1536550436235_s.jpg

    ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་དུ་གསར་གཏོད་ལས་གཏོད་ཀྱི་ཚ་རླབས་ཟམ་མི་ཆད་པར་འཕྱུར་བའི་ཁྲོད་ཞིང་འབྲོག་མང་ཚོགས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་དཔེ་མཚོན་ཀྱང་ཡོད། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་མོ་གྲོང་གྲོང་ཚོའི་གྲོང་མི་ཐུབ་བསྟན་མགོན་པོས་མ་དངུལ་སྒོར་ཁྲི་140བཏང་ནས་ཕ་ཡུལ་དུ་བོད་ཀྱི་ལྷོ་གནས་ལྗང་མདོག་སྣོད་བཅུད་ཞིང་འབྲོག་ཐོན་རྫས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་གསོ་ཚགས་བྱས་པའི་བོད་བྱའི་སྒོ་ང་དང་རྨ་བྱ་སྔོན་པོའི་སྒོ་ང་ཚོང་རར་བྲིན་ཁ་རྒྱུག་པོ་ཡོད་པ་རེད།  འདི་ནི་འགྲེམས་ཚོང་འདུ་ཚོགས་ཐོག་ཐུབ་བསྟན་མགོན་པོས་འཛད་སྤྱོད་པར་མཉམ་ལས་ཁང་གི་རྨ་བྱ་སྔོན་པོའི་སྒོ་ང་ངོ་སྤྲོད་བྱེད་པ།

    548734_yis_1536550433864_s.jpg

     ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་གནས་པའི་བོད་ལྗོངས་སྤང་རྒྱན་མེ་ཏོག་བཟོ་ཚོང་ཚད་ཡོད་ཀུང་སིས་བོད་རུམ་ཐོན་སྐྱེད་རྟེན་གཞི་དང་། ཁ་བཏགས་ཐོན་སྐྱེད་རྟེན་གཞི། བལ་ཚི་འཐེན་པའི་བལ་ཕྱིར་འཚོང་རྟེན་གཞི་བཅས་གཙོ་བོར་བྱས་པའི་ཐོན་ལས་སྦྲེལ་ཐག་ཧྲིལ་པོས་ལོ་རེར་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་6000ལྷག་ཙམ་ཟིན་པ་དང་། ནམ་དུས་མི་འདྲ་བར་ཉེ་འཁོར་གྱི་ཞིང་འབྲོག་པ་མི་ཐེངས་ཁྲི་1.65ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ། ལོ་རེར་མི་ཐེངས་300ཙམ་ལ་རྩལ་ནུས་གསོ་སྦྱོང་ཐུབ་ཀྱི་ཡོད།འདི་ནི་ལས་མིས་ཁ་བཏགས་འཐག་ཁྲིར་ལྟ་བ།

    548735_yis_1536550434769_s.jpg

    ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་རོགས་རམ་འོག ལྷ་ས་མཚུར་ཕུ་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་ལོ་རེ་བཞིན་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་ཐོན་སྐྱེད་བྱ་ཡུལ་དེ་ཁྱིམ་ཚང་བཟོ་ཁང་ནས་ཐོན་སྐྱེད་འཁོར་ཁང་བར་འགྱུར་ལྡོག་བྱུང་ནས་ལྷུན་གྲུབ་རྫོང་གི་མི་འབོར་དབུལ་པོ་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ཡོད། འདི་ནི་ལས་དོན་མི་སྣས་སྤོས་སྡོམ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།