[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིན་རེར་ཐོན་ཚད་ཏུན་3000ཟིན་པའི་ཧྭ་ཤིན་ཨར་འདམ་ཐོན་སྐྱེད་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    ཉེ་ཆར། ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སིས་ཉིན་རེར་ཐོན་ཚད་ཏུན་3000ཟིན་པའི་ལས་སྣོན་བྱས་པའི་རྒྱུ་ཆའི་ཐོན་སྐྱེད་སྒྲུབ་རིམ་གྱི་མེ་སྤོར་མཛད་སྒོ་ལྷོ་ཁར་གཉེར་བ་དང་། དེ་ཐོག་ནས་རང་ལྗོངས་ཀྱི་ཨར་འདམ་བཟོ་ལས་ཐོན་ནུས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད་པ་རེད།

    ལྗོངས་ནང་ཁུལ་གྱི་ཨར་འདམ་མཁོ་འདོན་དང་དགོས་མཁོའི་འགལ་ཟླ་བསལ་ནས་བོད་ཀྱི་ཨར་འདམ་མཁོ་སྤྲོད་འགན་ལེན་ནུས་པ་ཆེ་རུ་བཏང་སྟེ་ཐོན་ལས་བོད་སྐྱོར་དང་ཐོན་ལས་དབུལ་སྐྱོར་ལས་དོན་དེ་བས་ལེགས་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སིས་2016ལོའི་ཟླ་10པར་དུས་སྐབས་གསུམ་པའི་ལས་སྣོན་ཟིན་པའི་རྒྱུ་ཆ(ཏུན་3000)ཐོན་སྐྱེད་སྒྲུབ་རིམ་གྱི་དུས་འགོའི་ལས་དོན་སྤེལ་འགོ་ཚུགས་པ་རེད། རྣམ་གྲངས་ལ་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་7.0045ཟིན་པ་དང་། 2017ལོའི་ཟླ་9ཚེས་30ཉིན་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཁོར་ཡུག་དཔྱད་དཔོག་མཆན་འགོད་བཀའ་ལན་ཐོབ་པ་དང་འབྲེལ། ལོ་དེའི་ཟླ་10ཚེས་1ཉིན་དངོས་སུ་ལས་འགོ་ཚུགས་པ་རེད། དངོས་སུ་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ཧྭ་ཤིན་ཨར་འདམ(བོད་ལྗོངས)ཚད་ཡོད་ཀུང་སིའི་ཨར་འདམ་ཐོན་ནུས་དེ་གོང་གི་ལོ་རེར་ཐོན་ཚད་ཏུན་ཁྲི་30ནས་མཆོང་སྐྱོད་རང་བཞིན་ངང་ལོ་རེར་ཐོན་ཚད་ཏུན་ཁྲི་280ཙམ་འཕར་ནས་ལྗོངས་ནང་ཁུལ་གྱི་ཨར་འདམ་གྱི་དགོས་མཁོ་སྐོང་མི་ཐུབ་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་། འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཁག་ལ་ཨར་འདམ་མཁོ་སྤྲོད་ཐུབ་སྟེ་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་དེ་བས་ལེགས་པ་ཐུབ་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།