[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གནད་སྨིན་དབུལ་སྐྱོར་ལ་གསོན་ཤུགས་བསྣན་པ།

    —— ཁ་བཏགས(ཚོགས་པ)ཚད་ཡོད་ཀུང་སིས་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-12

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཤང་སྦྱར་བཞི་གྲོང་ཚོའི་གྲོང་མི་མིག་དམར་གྱི་ཁྱིམ་དུ་སྐྱོད་སྐབས་ཁང་པ་ཡོངས་ལ་མཛེས་བཟོ་གསར་རྐྱང་བྱས་ཡོད་པ་དང་། བརྙན་འཕྲིན་དང་། འཁྱགས་སྒམ། བོད་བཟོའི་ཁྱིམ་ཆས་བཅས་གང་དགོས་འཛོམས་ཡོད་པ་རེད། མིག་དམར་གྱིས་དགའ་སྤྲོའི་ངང“ད་ལྟ་ང་ཚོའི་ཁྱིམ་ཚང་གི་འཚོ་བ་ཧ་ཅང་ཡག་པོ་ཡོད། སྲིད་གཞུང་དང་ཁེ་ལས་ཀྱི་རོགས་རམ་འོག་ང་ཚོས་འཚོ་བ་ལེགས་སུ་གཏོང་བར་འབད་བརྩོན་ལྷོད་མེད་བྱས་པ་ཡིན། ལོ་ལྟར་ལོ་གསར་གཏོང་སྐབས་ང་ཚོས་དགའ་ཉེ་སྤུན་མཆེད་ཁྱིམ་དུ་མགྲོན་པོར་གདན་དྲངས་ནས་མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་ཀྱི་ཡོད”ཅེས་བཤད།

    མིག་དམར་ཁྱིམ་ལ་ནང་མི་བཞི་ཡོད་པ་དང་རྒྱ་ཆུང་ལ་ཕྲུ་གུ་གཉིས་པོ་སློབ་གྲྭར་སྐྱོད་བཞིན་ཡོད་པས། ལོ་ལྟར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ལས་མེད། འཚོ་བར་དཀའ་ངལ་ཧ་ཅང་ཆེ་སྟབས་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོའི་གྲས་སུ་བཅུག་ཡོད་པ་རེད། 2016ལོ་ནས་བཟུང་མིག་དམར་ཀུང་སི་ཞིག་ཏུ་ལས་ཀར་སྐྱོད་པ་དང་བཟའ་ཟླས་ཁྱིམ་དུ་གསོ་ཚགས་ལས་ལ་ཞུགས། “ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁ་བཏགས(ཚོགས་པ)ཚད་ཡོད་ཀུང་སིའི(གཤམ་ལ་ཁ་བཏགས་ཚོགས་པ་ཞེས་བསྡུ་རྒྱུ)རོགས་རམ་འོག་ད་ལྟ་ངའི་ཁྱིམ་ལ་ལོའི་ཁེ་གཙང་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་ནས་དབུལ་ཞྭ་རྦད་དེ་ཕུད་ཐུབ་པ་བྱུང་བས་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད”ཅེས་མིག་དམར་གྱིས་ང་ཚོར་རྩིས་ཞིབ་ཕྲ་ཞིག་བརྒྱབ།

    “དབུལ་སྐྱོར་ལས་དོན་ལ་དངོས་ཕན་ཐོབ་པའི་འགན་ལེན་བྱ་ཆེད། ཁ་བཏགས་ཚོགས་པས་དབུལ་སྐྱོར་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཆེད་མིས་འགན་འཁུར་རྒྱུར་བཀོད་སྒྲིག་བྱས་ཏེ་རོགས་སྐྱོར་བྱ་ཡུལ་མང་ཚོགས་ཀྱི་བློ་འདོད་ལ་བསམ་གཞིག་གིས་སྔ་རྗེས་སུ་ཉང་བྲན་ཤང་སྦྱར་བཞི་གྲོང་ཚོའི་དུད་ཚང་དབུལ་པོའི་ཁྱིམ་དུ་སྐོར་སྐྱོད་བརྟག་ཞིབ་ཐེངས་10ལྷག་ཙམ་བྱས་ཏེ་དབུལ་སྐྱོར་བྱ་ཡུལ་གྱི་ཁྱིམ་ཚང་གི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། དུད་ཚང་གི་ཐོ་འགོད་ལག་དེབ་དང་། འདྲི་ཤོག་བརྟག་དཔྱད། བརྟག་དཔྱད་སྙན་ཞུ་སོགས་ཞིབ་ཅིང་བདེན་པའི་དཔྱད་གཞིའི་ཡིག་རིགས་བཟོས་པ་དང་ཆབས་ཅིག་དབུལ་པོར་གྱུར་རྐྱེན་ལ་གཞིགས་ནས་དབུལ་སྒྲོལ་བྱེད་ཐབས་བཟོས་པ་རེད། ཆེད་དོན་མ་དངུལ་སྒོར་ཁྲི་800བཀོད་སྒྲིག་བྱས་ཏེ་སྦྱར་བཞི་གྲོང་ཚོར་ཐོན་ལས་དབུལ་སྐྱོར་བྱས་ཡོད། རྣམ་གྲངས་ཀྱི་མྱུར་ཚད་མགྱོགས་སུ་བཏང་ནས་སྔོན་ཚུད་ཀྱི་ཕན་འབྲས་ཐོན་ཆེད། ཀུང་སིས་ད་དུང་ཁྲེང་ཀོན་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྣམ་གྲངས་ལྟ་སྐུལ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་རྣམ་གྲངས་ལག་བསྟར་གྱི་བརྒྱུད་རིམ་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་བྱས་ཡོད”ཅེས་ཁ་བཏགས་ཚོགས་པའི་འགན་འཁུར་བས་ངོ་སྤྲོད་བྱས།

    ཁ་བཏགས་ཚོགས་པས་ཐོན་ལས་དབུལ་སྐྱོར་གྱི་འཕེལ་རིམ་འགོར་བའི་གནས་ཚུལ་འོག་དུད་ཚང་དབུལ་པོའི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱ་ཆེད། ད་དུང་སྒོར་ཁྲི་84ཁ་གསབ་བརྒྱབ་ནས་དུད་ཚང་དབུལ་པོ་14(མི་65)ཡི་གནས་སྐབས་ཀྱི་འཚོ་བའི་ཁ་གསབ་ལ་བརྩིས་ནས་2016ལོའི་ཟླ་5པ་ནས་འགོ་བཙུགས་ཏེ་སྤྲད་པ་དང་དུས་ཡུན་ལོ་1ཡིན་པ་རེད། གཞན་ཡང་ཁྱིམ་ཚང་གི་རེ་འདོད་དང་དེ་བཞིན་དགོས་མཁོ་དངོས་ལ་གཞིགས་ནས། སྔ་རྗེས་སུ་དུད་ཚང་དབུལ་པོ་14ལ་སྒྲོག་རྩེ་དང་། ཉལ་ཁྲི། ཁ་གདན་སོགས་བོད་བཟོའི་ཁྱིམ་ཚང་ཐེངས་གཉིས་སྤྲད་ཅིང་། མིག་སྔའི་བར་ཀུང་སི་དེས་དུད་ཚང་དབུལ་པོ་རེར་དངུལ་སྨར་སྒོར་ཁྲི་1.2དང་སྒོར་ཁྲི་1.3ལྷག་ཙམ་རི་བའི་ཁྱིམ་ཆས་སྤྲད་དེ་ཁྱོན་མ་དངུལ་སྒོར་ཁྲི་35ལྷག་ཙམ་བཏང་ཡོད་པ་རེད། དེ་དང་ཆབས་ཅིག་ཁྱིམ་ཚང་དབུལ་པོའི་དཀའ་ངལ་དངོས་ལ་གཞིགས་ནས་ད་དུང་དུད་ཚང་14ཡི་སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་ཆེ་མོ་བར་རོགས་སྐྱོར་འོས་འཚམ་བྱས་ཡོད།

    གཅེས་སེམས་འཚམས་འདྲི་ལས་མི་སེམས་རབ་ཏུ་དྲོས། དབུལ་སྐྱོར་དཀའ་སེལ་གྱིས་སྤྱོད་བཟང་བརྒྱུད་སྤྲོད་བྱེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱང་སྐྱོད་ལམ་བུའི་ཁྲོད་ཁ་བཏགས་ཚོགས་པས་སྤྱི་དབང་མིན་པའི་ལམ་ལུགས་ཁེ་ལས་ཀྱི་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ་གཅེས་སེམས་ལ་བརྟེན་ནས་སྤྱི་ཚོགས་ལ་ལེགས་སྐྱེས་ཕུལ་བ་དང་སྤྱི་ཚོགས་ཀྱི་དྲིན་ལན་འཇལ་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་སྔ་ཙམ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་ཆེད་སྒུལ་ཤུགས་བསྣན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།