[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་ཀྱིས།

    ཚོང་འགུགས་མ་འདྲེན་གྱི་གན་རྒྱའི་རྣམ་གྲངས་108ལ་མིང་རྟགས་བཀོད་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་540.82ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-11

     ཉེ་ཆར། སྐབས་བཞི་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ཀྱིས་ཚོང་འགུགས་མ་འདྲེན་གྱི་གན་རྒྱའི་རྣམ་གྲངས་ལ་གཅིག་སྡུད་ཐོག་མིང་རྟགས་འགོད་པའི་མཛད་སྒོ་གཉེར་བ་དང་ཁྱོན་རྣམ་གྲངས་108ལ་མིང་རྟགས་བཀོད་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་540.82ཟིན་ཡོད།

    ད་ཐེངས་ཀྱི་མིང་རྟགས་བཀོད་པའི་རྣམ་གྲངས་108དེ་དག་ལས་རིགས་ལྟར་དབྱེ་ན། ས་མཐོའི་སྐྱེ་དངོས་ཐོན་ལས་རྣམ་གྲངས་24ཡོད་པར་མ་རྩ་སྒོར་དུང་ཕྱུར་66.01ཟིན་པ་དང་། ཁྱད་ལྡན་ཡུལ་སྐོར་རིག་གནས་ཐོན་ལས་རྣམ་གྲངས་17ཡོད་པར་མ་རྩ་སྒོར་དུང་ཕྱུར་113.08ཟིན་པ། ལྗང་མདོག་བཟོ་ལས་རྣམ་གྲངས20ཡོད་པར་མ་རྩ་སྒོར་དུང་ཕྱུར་123.29ཟིན་པ། ནུས་རྒྱུ་གཙང་མའི་ཐོན་ལས་རྣམ་གྲངས་12ཡོད་པར་མ་རྩ་སྒོར་དུང་ཕྱུར་56.43ཟིན་པ། དེང་རབས་ཞབས་འདེགས་ལས་རིགས་ཀྱི་རྣམ་གྲངས་17ཡོད་པར་མ་རྩ་སྒོར་དུང་ཕྱུར་89.72ཟིན་པ། མཐོ་གསར་གྲངས་འཛིན་ཐོན་ལས་རྣམ་གྲངས་4ཡོད་པར་མ་རྩ་སྒོར་དུང་ཕྱུར་16.49ཟིན་པ། མཐའ་མཚམས་ཚོང་དོན་ཟོག་འགྲེམས་ཐོན་ལས་14ཡོད་པར་མ་རྩ་སྒོར་དུང་ཕྱུར་75.8ཟིན་པ་བཅས་རེད། མ་འཇོག་གི་གཞི་ཁྱོན་ལྟར་དབྱེ་ན། སྒོར་དུང་ཕྱུར་50ཡན་གྱི་རྣམ་གྲངས་1དང་། སྒོར་དུང་ཕྱུར་10ཡན་གྱི་རྣམ་གྲངས་17 སྒོར་དུང་ཕྱུར་1ཡན་གྱི་རྣམ་གྲངས་66 སྒོར་དུང་ཕྱུར་མན་གྱི་རྣམ་གྲངས་22བཅས་ཡོད་པ་རེད། 

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་འགྲེམས་ཚོགས་ནི་བོད་ལྗོངས་ཀྱི་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཀྲུང་དབྱང་དང་ལྗོངས་ཕྱི་ནང་གི་རིགས་ཁག་གི་ཁེ་ལས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་རེད། དེ་རིང་མིང་རྟགས་བཀོད་པའི་མཉམ་ལས་རྣམ་གྲངས་ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བ་མཚོན་ལ། རྒྱ་ཆེའི་ཀྲུང་དབྱང་དང་ལྗོངས་ཕྱི་ནང་གི་རིགས་ཁག་གི་ཁེ་ལས་ཀྱིས་བོད་ཀྱི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཞུགས་པའི་ལྷག་བསམ་ཟོལ་མེད་དང་དད་སེམས་བརྟན་པོའང་མཚོན་ཡོད། ང་ཚོས་བློ་རྒྱ་དེ་བས་ཆེ་བ་དང་། ཞབས་འདེགས་དེ་བས་ལེགས་པ། ཁོར་ཡུག་དེ་བས་ཡག་པ། བྱ་སྤྱོད་དེ་བས་ལྷག་བསམ་རྣམ་དག་བཅས་ཀྱི་སྒོ་ནས་ཕྱོགས་ཁག་གི་ཡིད་ཆེས་དང་རྒྱབ་སྐྱོར་ལ་དྲིན་ལན་འཇལ་བའི་ཁས་ལེན་བྱ་རྒྱུ་ཡིན། ང་ཚོས་མིང་རྟགས་བཀོད་པའི་རྣམ་གྲངས་ཚང་མར“བརྒྱུད་རིམ་ཆ་ཚང་ཚབ་སྒྲུབ་དང་ཆེད་མངགས་ཞབས་འདེགས”ཞུ་རྒྱུ་དང་། མིང་རྟགས་བཀོད་པའི་རྣམ་གྲངས་ཚང་མར་རང་སྐྱོང་ལྗོངས་ཀྱིས་སྤྲོད་ཐུབ་པའི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་སྤྲོད་རྒྱུ། མིང་རྟགས་བཀོད་པའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་རྗེས་འདེད་དང་བརྒྱུད་རིམ་ཡོངས་རྗེས་སྙེག་བྱས་ཏེ་རྣམ་གྲངས་རེ་ལ་སྲིད་ཇུས་རེ་དང་གནད་དོན་རེ་ལ་གྲོས་བསྡུར་རེ་བྱ་རྒྱུ། མིང་རྟགས་བཀོད་པའི་རྣམ་གྲངས་དོན་འཁྱོལ་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་སྔ་ཙམ་དོན་འཁྱོལ་དང་། སྔ་ཙམ་ལས་འགོ་འཛུགས་པ། སྔ་ཙམ་འཛུགས་སྐྲུན། སྔ་ཙམ་ཐོན་སྐྱེད། སྔ་ཙམ་ཕན་འབྲས་ཐོན་པ་བཅས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།