[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གཞིས་རྩེའི་ཁྲོམ་རའི་བྱེད་པོ་བསྡོམས་འབོར་བཅུ་ཆ་བརྒྱད་ལྷག་ཙམ་འཕར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-08

    ཚོང་ལས་ལམ་ལུགས་སྒྱུར་བཅོས་བྱས་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས་ཚོང་ལས་ལམ་ལུགས་སྒྱུར་བཅོས་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བས་ཀུན་གྱིས་ལས་གཏོད་བྱེད་པའི་སྤྲོ་སེམས་དང་ཁྲོམ་རའི་གསར་གཏོད་ཀྱི་གསོན་ཤུགས་ནུས་ལྡན་འཕེལ་ཡོད། འདི་ལོའི་ཟླ་4པའི་ཟླ་མཇུག་བར། གྲོང་ཁྱེར་དེ་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་བསྡོམས་འབོར་སྒྱུར་བཅོས་མ་བྱས་གོང་གི་26528ནས་48430བར་མང་དུ་སོང་ནས་82.56%འཕར་བ་དང་། ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་74.62ནས་སྒོར་དུང་ཕྱུར་498.46བར་མང་དུ་སོང་ནས་567.99%འཕར་ཡོད། སྒེར་གཉེར་ཁེ་ལས་ཀྱིས་ལས་མི་བསྡུ་ཚད་མི་ཁྲི་19ལྷག་ཙམ་ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།