[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་དཔལ་འབྱོར“མྱུར་ཚད་མགྱོགས་པོ”ནས“སྤུས་ཚད་མཐོ་པོར”ཁ་ཕྱོགས་བསྒྱུར་བ།

    “བརྟན་པའི”རྨང་གཞི་དེ་བས་སྲ་བརྟན་དང་། “གོང་འཕེལ”གྱི་རྣམ་པ་དེ་བས་མངོན་གསལ། “ལེགས་པའི”འཕེལ་ཚུལ་དེ་བས་བཟང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-11

    གཙོ་གནད་གསལ་སྟོན།

    དུས་རབས་གསར་པར་སླེབས་པས་རང་ལྗོངས་དང་རྒྱལ་ཡོངས་མཉམ་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་དཔལ་འབྱོར་འཕར་མགྱོགས་དལ་མི་རྩོད་པར་ཕྱོགས་ཚང་མའི་ཐོན་སྐྱེད་བྱེད་ཚད་མཐོ་རུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་གསར་བསྒྱུར་དང་། ལས་ཕྱོད་གསར་བསྒྱུར། སྒུལ་ཤུགས་གསར་བསྒྱུར་བཅས་ལ་སྐུལ་འདེད་བཏང་དང་གཏོང་མུས་ཡིན། “མྱུར་ཚད་མགྱོགས་པོ”ནས“སྤུས་ཚད་མཐོ་པོའི”བར་རང་ལྗོངས་ཀྱི་དཔལ་འབྱོར་ཡང་འཕར་མྱུར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་དུས་མཚམས་སུ་རིམ་བཞིན་སྒྱུར་བཞིན་ཡོད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག“རང་རྒྱལ་གྱི་དཔལ་འབྱོར་འཕར་མྱུར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་དུས་མཚམས་སུ་ཁ་ཕྱོགས་བསྒྱུར་ཡོད”ཅེས་པའི་ལོ་རྒྱུས་རང་བཞིན་གྱི་ཆོད་སྡོམ་བཏོན་ཡོད། “བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཡག་ཐོག་ཡག་བརྩེགས”——《2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྙན་ཞུའི》ནང་དུའང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ངེས་གནས་གསལ་པོ་བསྟན་ཡོད། དེ་ཐོག་ནས་དུས་རབས་གསར་པར་སླེབས་པས་རང་ལྗོངས་དང་རྒྱལ་ཡོངས་མཉམ་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་དཔལ་འབྱོར་འཕར་མགྱོགས་དལ་མི་རྩོད་པར་ཕྱོགས་ཚང་མའི་ཐོན་སྐྱེད་བྱེད་ཚད་མཐོ་རུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་གསར་བསྒྱུར་དང་། ལས་ཕྱོད་གསར་བསྒྱུར། སྒུལ་ཤུགས་གསར་བསྒྱུར་བཅས་ལ་སྐུལ་འདེད་བཏང་དང་གཏོང་མུས་ཡིན་པ་མཐོང་ཐུབ།

    2017ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1310.63ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་10.0%འཕར་ཡོད། དམིགས་སུ་བཀར་ནས་བརྗོད་དགོས་པ་ཞིག་ལ་འདི་ནི་ལོ་25བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་ཞིག་རེད།

    res01_attpic_brief.jpg

    འདི་ནི་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་སྐྱོད་བཞིན་པ།

    ལོ་ལྔའི་རིང་རང་ལྗོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་དུ་གཏོང་བ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ཁྲིད་སྟོན་མཐའ་འཁྱོངས། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་བརྟན་པོ་དང་། འདེགས་སྐྱོར་ནུས་ལྡན། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས། བརྟན་ལྷིང་སྲུང་སྐྱོང་། ཉེན་ཁ་འགོག་སེལ་སོགས་བྱེད་ཐབས་ཁག་ལ་དམ་འཛིན་ནན་པོ་བཅས་བྱས་པར་བརྟེན་དཔལ་འབྱོར་འཁོར་རྒྱུག“བརྟན་པའི”རྨང་གཞི་དེ་བས་སྲ་བརྟན་དང་། “གོང་འཕེལ”གྱི་རྣམ་པ་དེ་བས་མངོན་གསལ། “ལེགས་པའི”འཕེལ་ཚུལ་དེ་བས་བཟང་བ་བཅས་བྱུང་བ་རེད།

    2017ལོར་བོད་ཀྱི་ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་259.11ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་25.6%འཕར་བ་དང་། ལྗོངས་ཡོངས་ཀྱི་ཁྲལ་དོན་སྡེ་ཚན་གྱི་རྩ་འཛུཌ་ཡོང་འབབ་སྒོར་དུང་ཕྱུར་339.84ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་31.2%འཕར་བ། དངུལ་རྩའི་སྒྲིག་གཞིའི་བུན་གཡར་ལྷག་གྲངས་སྒོར་དུང་ཕྱུར་4043.64ཟིན་པ་དེ་ལོ་འགོ་དང་བསྡུར་ན་32.6%འཕར་ཡོད། ལྗོངས་ཡོངས་ཀྱི་རིགས་ཁག་གི་ཁྲོམ་རའི་བྱེད་པོ་ཁྲི་22.69ཟིན་པ་དང་། མ་རྩ(མ་དངུལ)ཐོ་འགོད་བྱེད་ཚད་སྒོར་ཁྲི་དུང་ཕྱུར་1.04ཟིན་པ། མ་རྩ་སྒོར་དུང་ཕྱུར་ཡན་ཐོ་འགོད་བྱས་པའི་ཁེ་ལས་1774ཟིན་པ་དེ་དག་ནི་ཚོང་དོན་ལམ་ལུགས་སྒྱུར་བཅོས་མ་བྱས་གོང་གི་ལྡབ་47རེད། ནོར་ཁྲལ་དངུལ་རྩ་འཕར་མྱུར་བ་དང་ཁྲོམ་རའི་བྱེད་པོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དེས་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགན་ལེན་དེ་བས་ནུས་ལྡན་དུ་གྱུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།