[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་སར་བོད་རུམ་སྟོང་ཕྲག་འགའ་ཤས་འགྲེམས་སྟོན་བྱས་པར་ཚོང་པ་མང་པོའི་ཡིད་དབང་འཕྲོག་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-17

    ཉེ་ཆར། སྐབས་གཉིས་པའི་བོད་རུམ་ཐོན་ལས་ཉོ་ཚོང་དངོས་མང་སྟོན་ཚོགས་ལྷ་སར་འཚོགས་ཤིང་། ལྗོངས་ཡོངས་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་ཁེ་ལས་22ཞུགས་ནས་སྣ་ཁ་བརྒྱ་ཙམ་གྱི་བོད་རུམ་སྟོང་ཕྲག་འགའ་ཤས་འགྲེམས་སྟོན་བྱས་པ་རེད། དུས་ཡུན་ཉིན་བཅུ་ཡི་དངོས་མང་སྟོན་ཚོགས་སུ་བོད་རུམ་རིག་གནས་ཁེ་ལས་ཀྱི་ཆེད་དོན་འགྲེམས་སྟོན་དང་། “རྩལ་གྱིས་ཕྱུག་པའི་བོད་ལྗོངས། ཐགས་སུ་མཛེས་པའི་བོད་རུམ”ཞེས་པའི་སྤྱི་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་བྱ་དགའ་དཔྱད་འདེམས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།

    བོད་རུམ་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པ་དང་ཁྲོམ་རར་སྙན་གྲགས་ཧ་ཅང་ཆེན་པོ་ལྡན་ཡོད། དགོས་མཁོ་སྐོང་མི་ཐུབ་པའི་ཁྲོམ་རའི་སྐུལ་འདེད་འོག་ཉེ་བའི་ལོ་ཤས་རིང་བོད་རུམ་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ནས་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    བསོད་ནམས་བསྟན་འཛིན་ནི་སྟོན་ཚོགས་ནང་ཞུགས་པའི་ཁེ་ལས་ཀྱི་འཐུས་ཚབ་གྲས་ཤིག་ཡིན་ཞིང་། ད་ཐེངས་ཀྱི་སྟོན་ཚོགས་སུ་ཁོང་ཚོའི་གྲོང་ཚོའི་མཉམ་ལས་ཁང་གིས་བོད་རུམ་སྣ་ཚོགས་30ལྷག་ཙམ་འཁྱེར་ཡོད་པ་དེ་དག་གི་རིན་གོང་སྒོར་1800ནས་སྒོར་3000བར་ཡིན་པ་རེད། ན་ནིང་བོད་རུམ་ཐོན་ལས་ལ་བརྟེན་ནས་གྲོང་ཚོ་དེ་ཡོངས་ལ་ལོ་གཅིག་རིང་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་བྱུང་བ་དང་དུད་ཚང་དབུལ་པོ་མང་པོ་དབུལ་སྒྲོལ་ཐུབ་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་རིག་གནས་ཐིང་ཐོན་ལས་ཁྲུའི་ཁྲུའུ་ཀྲང་ནོར་བུ་ཚེ་རིང་གིས་ཐེངས་འདེའི་དངོས་མང་སྟོན་ཚོགས་ནང“འགྲེམས་ཚོང་ཟུང་འབྲེལ”གྱི་འགྲེམས་ཚོགས་ཉོ་ཚོང་བྱེད་ནུས་མུ་མཐུད་མངོན་གསལ་དོད་དུ་བཏང་བས། སྔོན་དཔག་བྱས་ན་བཙོངས་འབོར་སྒོར་ཁྲི་500ལས་བརྒལ་རྒྱུ་རེད། དངོས་མང་སྟོན་ཚོགས་བརྒྱུད་བོད་རུམ་ཐོན་ལས་ཀྱི་ལེགས་ཆའི་རྐང་འཛིན་ཁེ་ལས་གསོ་སྐྱོང་ཤུགས་ཆེན་ཐུབ་སྟེ། བོད་རུམ་ཐོན་ལས་དེ་ཉིད་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་འདེགས་སྐྱོར་གསར་པར་འགྱུར་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།