[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་གྱི་འགག་སྒོ་ལས་གྲོལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-07

    ཉེ་དུས་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་བཟོ་འཕྲིན་ཅུས(གཞུང་རྒྱུ་ཨུ་ལྷན)ནས་ཤེས་རྟོགས་བྱུང་བར། 2017ལོའི་ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་10889.07ཟིན་ནས་སྒོར་དུང་ཕྱུར་གྱི་འགག་སྒོ་ཆེན་པོ་ལས་གྲོལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཕན་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མི་རིགས་ལག་ཤེས་བཟོ་ལས་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་མཛུབ་ཁྲིད་ཧུར་ཐག་བྱས་ནས། ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་དང་ཁྲོམ་རའི་ཐོབ་སྐལ་ཆེས་ཆེར་བཏང་བ་དང་། ཁེ་ལས(མཉམ་ལས་ཁང)ལ་འཚོ་བའི་ཐད་མཁོ་ཆོད་པ་དང་། ཡུལ་སྐོར། རིག་གནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་བཅས་ལ་ཤུགས་སྣོན་རྒྱག་རྒྱུར་སྣེ་ཁྲིད་བྱས་ཏེ། “ཟླ་བ་སྒྲོལ་མ”ཞེས་པའི་བོད་ཆས་དང་། ཞྭ་མོ“ཚེ་རིང་སྐྱིན་ཁེབས”“ཨ་ཆོས”ཞེས་པའི་བོད་བཟོའི་ལྟོ་ཕད། “སྨིན་གྲོལ་གླིང་དགོན་གྱི་གཟིམ་སྤོས་ཡོངས་འདུས་དྲི་བསུང”ཞེས་པའི་སྤོས་དང“མཁར་ལྟག”བོད་གྲི་སོགས་ཕུལ་བྱུང་གི་སྤུས་རྟགས་འབོར་ཆེན་བཏོད་པ། ཁེ་ལས་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་རིག་གནས་དང་མཉམ་འདྲེས་བྱ་རྒྱུར་སྣེ་ཁྲིད་དེ་ཐོན་རྫས་ལ་རིག་གནས་ཀྱི་ངོ་མཚར་དང་ནང་དོན་བསྣན་ནས་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་མཐོ་རུ་བཏང་བ། འཚར་ལོངས་རྣམ་པའི་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཁེ་ལས་སྟོབས་ཆེར་འགྲོ་འགྱུར་ལྕག་སྐུལ་བྱས་ནས་དཔལ་འབྱོར་ཕན་འབྲས་ཆེ་བ་དང་སྐུལ་ཁྲིད་ནུས་པ་ལྡན་པའི་མཉམ་ལས་ཁང་ཀུང་སིར་བསྒྱུར་རྒྱུར་སྣེ་ཁྲིད་བྱས་པ། ཁེ་ལས་ལ་ཐོན་རྫས་འགྲེམས་ཚོང་གི་ལས་སྟེགས་གཏོད་རོགས་བྱས་ཏེ་ཁེ་ལས་ཀྱི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་ཁྲོམ་ར་བཟུང་ཚད་མཐོ་རུ་བཏང་བ། ཆེད་ལས་ཀྱི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པ་བཅས་སོ། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་མི་རིགས་ལག་ཤེས་བཟོ་ལས་ཀྱི་ཁེ་ལས(མཉམ་ལས་ཁང)117ཡོད་པའི་ནང་ཁེ་ལས་36དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་81ཡོད་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་10889.07བྱུང་བ་དེ་དུས་མཚུངས་ལས་20.22%འཕར་བ་དང་། བྲིན་ཚོང་ཡོང་འབབ་སྒོར་ཁྲི་9145.39ཟིན་པ་དེ་དུས་མཚུངས་ལས་14.96%འཕར་བ། ཁེ་སྤོགས་སྒོར་ཁྲི་3099.03ཟིན་པ་དེ་དུས་མཚུངས་ལས་5.8%འཕར་བ། གོང་རིམ་ལ་དཔྱ་ཁྲལ་སྒོར་ཁྲི་92.17འཇལ་བ། མི་2431ལ་ལས་ཞུགས་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།