[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འཕུར་མཆོང་རྣམ་པའི་མངའ་རིས། ངོ་མཚར་ཆེ་བའི་ཞིང་ཁམས།

    —— མངའ་རིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་པར་རིས་བདམས་བཀོད།

  • ཡོང་ཁུངས།      |    རྩོམ་པ་པོ།      |    སྤེལ་དུས།   2017-09-06

    འཛམ་གླིང་ཡང་རྩེའི་གཙུག་ཏོར་དུ་འབོད་པའི་མངའ་རིས་ས་ཁུལ་ལ་ས་ཁྱོན་ཆེ་ཞིང་། ས་བབ་མཐོ་ཚད་སྨི་4500ཡན་ཡོད་པ་དང་། ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁམས་ངོ་མཚར་ཅན་དེར་བོད་རིགས་ཀྱིས་གཙོས་པའི་མི་རིགས་ཁག་གི་མང་ཚོགས་ཁྲི་ཚོ་11ལྷག་ཙམ་འཚོ་སྡོད་བྱེད་བཞིན་ཡོད། སྔོན་ཆད་ལམ་ཐག་རིང་ཤོས་དང་། རང་བྱུང་ཁོར་ཡུག་ཞན་ཤོས། དབུལ་པོ་མང་ཤོས། འཕེལ་རྒྱས་འགྲོ་འགོར་ཤོས་སོགས་ཀྱི་ཞྭ་ནག་ཅིག་མི་འདོད་བཞིན་དུ་གྱོན་མྱོང་ཡོད་མོད། ཁ་འབབ་བཞི་ཡི་ཆུ་མགོ་དང་། གཏེར་དངོས་སྣ་ཚོགས་ཀྱི་ཐོན་ཁུངས་འཛོམས་པ། རང་བྱུང་ཁམས་ཀྱི་ཆགས་ཚུལ་ངོ་མཚར་ཆེ་བ། བོད་ཀྱི་གནའ་བོའི་ཤེས་རིག་དང་ལོ་རྒྱུས་ཀྱི་གནའ་ཤུལ་ཕོན་ཆེན་གནས་པའི་ཞིང་ཁམས་དེས་འཛམ་གླིང་ཡུལ་གྲུ་ཁག་གི་མི་རྣམས་ཀྱི་ཡིད་ཀྱི་དང་བ་དྲངས་དང་འདྲེན་བཞིན་ཡོད་ལ། བྱ་འཕུར་བ་ལྟ་བུའི་འཕེལ་རྒྱས་ཀྱི་ཁྲོད། མངའ་རིས་ཀྱི་མི་དམངས་ཚོས་ལྟོས་བཅས་དཀའ་ཚེགས་ཅན་གྱི་ཁོར་ཡུག་དེར་བསམ་ཚོད་ལས་བརྒལ་བའི་བྱས་རྗེས་བཏོད་ཡོད་དེ། 2016ལོའི་ལོ་མཇུག་ཏུ་ས་ཁུལ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་43.2ཟིན་པ་དང་། གཏན་འཇགས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་67ལེགས་འགྲུབ་བྱུང་བ། ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་2.9ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དང་། དེ་བཞིན་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཆེས་ཆེར་འཕར་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཚུགས་ཡོད། མིག་སྔར་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་དཔལ་འབྱོར་མངའ་ཐང་རྒྱས་བཞིན་ཡོད་ལ། མངའ་རིས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་དང་། འགག་སྒྲོལ་དཀའ་སེལ། དམ་པ་དོན་གཉེར་བཅས་བྱས་ནས། སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་གཏོད་བཞིན་ཡོད།

    x0901hh5_s.jpg

     འབྲོག་པའི་སྡོད་ཁང་གསར་པ། ཀླུ་ཡི་ཕོ་བྲང་འདྲ་བ།

    x0901hh6_s.jpg

     ཚན་རིག་ལག་རྩལ་སྤྱད། བསམ་བློར་བཅིངས་འགྲོལ་བཏང་།

    x0901hh10_s.jpg

    བར་ཁའི་འབྲོག་པ་བསོད་ནམས་ཆེ། འཚོ་བ་སྦྲང་རྩི་ལས་ཀྱང་མངར།

    x0901hh8_s.jpg

     གླུ་གཞས་སྙན་མོ་ཏང་ལ་འབུལ། དགའ་སྐྱིད་འཚོ་བར་བསྟོད་གླུ་ལེན།

    x0901hh9_s.jpg

     སྣང་ཆེན་བཞི་དང་དགའ་ཞེན་བཞི། ཀུན་གྱི་ཡིད་ལ་བརྟན་པོར་ངེས།

    x0901hh13_s.jpg

     གངས་སའི་འབྲོག་པས་སྡུག་སྒོམ་ཐེགས། ཏི་སེ་སྐོར་བར་དབུགས་ཐེངས་གཅིག

    x0901hh15_s.jpg

     ཕྱུག་པོ་འགྱུར་འདོད་ན། སྔོན་ལ་ལམ་བུ་བཟོ།

    x0901hh4_s.jpg

     ལྕགས་སྒང་གྲོང་ཚོ་གསར་པའི། ཉམས་བཟང་འདི་ལ་གཟིགས་དང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།