[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-18

    ཟླ་5ཚེས་15ཉིན་བོད་ལྗོངས་ནག་ཆུ་ས་ཁུལ་ནག་ཆུ་རྫོང་ཀོ་ལུག་གྲོང་རྡལ་ས་ཚིགས་གྲོང་ཚོའི་གྲོང་གསེབ་གློག་དྲ་བོད་ཀྱི་གློག་དྲ་ཨ་མ་དང་དངོས་སུ་སྦྲེལ་མཐུད་ཐུབ་ནས། ལྟེ་བའི་གྲོང་ཚོ་དེ་བཞིན་ཁོངས་གཏོགས་ཁུལ་གྱི་རང་བྱུང་གྲོང་ཚོ་3གྱི་དུད་ཚང་45ཡི་གྲོང་མི་227ལ་གློག་དྲ་ཨ་མ་ནས་ཁྱོན་ཡོངས་ནས་གློག་མཁོ་འདོན་ཐེངས་དང་པོར་བྱས་པས་བོད་ཀྱི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲའི་ལྟེ་བའི་གྲོང་ཚོའི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་འགན་བདེ་བླག་ངང་སྒྲུབ་པ་མཚོན་ཡོད།

    ས་ཚིགས་གྲོང་ཚོ་ནི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་ཡིན་པ་དང་ས་བབ་སྨི་4500ཡོད། གྲོང་ཚོ་དེའི་གློག་དྲ་རྙིང་པའི་དྲ་སྒྲོམ་ཐབས་ཆག་དང་། གློག་ཤུགས་ཆུང་བ། གློག་གནོན་བརྟན་པོ་མེད་པ། གློག་ཡང་སེ་ཆད་པ་བཅས་ལས་ས་གནས་ཀྱི་འབྲོག་དམངས་ཚོའི་ཤ་གསོག་ཉར་དང་ཞོ་སྙོལ་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། རྒྱལ་ཁབ་གློག་དྲ་ནག་ཆུ་གློག་འདོན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝང་ཀྲུའོ་ཡིས“ད་ཐེངས་གྲོང་གསེབ་གློག་དྲ་སྒྱུར་བཀོད་ནང་ཁྱབ་རྒྱ་ཆེ་རུ་བཏང་ཡོད་ལ། གློག་དྲ་རྙིང་པར་སྒྱུར་བཀོད་ཀྱང་བྱས་ཡོད། ད་རེས་རྒྱལ་ཁབ་གློག་དྲའི་བླང་བྱ་ལྟར་དུད་ཚང་རེའི་གློག་གཤོང་ཚད་ཆན་ཝ་2.5ཡི་ཚད་གཞི་ལྟར་ཇུས་འགོད་བྱས་ཡོད”ཅེས་བརྗོད།

    གྲོང་མི་ཨ་བུ་ཟླས“དེ་སྔོན་འཁྱག་སྒམ་དང་། གོས་འཁྲུད་འཕྲུལ་འཁོར། ཇ་མདོང་བཅས་ཁྱིམ་དུ་སྒྲིག་ནས་འཇོག་པ་ལས་བེད་སྤྱོད་གཏོང་མྱོང་མེད། སྟབས་ལེགས་ནས་ད་ཆ་ཚང་མ་བེད་སྤྱོད་གཏོང་ཆོག”ཅེས་ཟེར།

    མིག་སྔར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་ལྗོངས་ཡོངས་ཀྱི་དུད་ཚང་5443དང་མི་ཁྲི་2.34ཡི་གློག་སྤྱོད་བདེ་འཇགས་ཡག་ཏུ་ཤུགས་ཆེན་ཕྱིན་པ་དང་། དེའི་ནང་ནས་དུད་ཚང་2300དང་མི་ཁྲི་1ལྷག་ཙམ་གློག་དྲ་ཨ་མའི་གློག་འདོན་ཁྱབ་ཁོངས་སུ་བཅུག་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།