[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “པིར་གྱི་རྩལ་ལས་ཐོན་པའི་ཁུག་ཆེན་ཁུལ —ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་རི་མོའི་བརྩམས་ཆོས་འགྲེམས་སྟོན”པེ་ཅིང་དུ་གཉེར་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-27

    ཉེ་ཆར། “པིར་གྱིས་བྲིས་པའི་ཁུག་ཆེན་ཁུལ ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་རི་མོའི་བརྩམས་ཆོས་འགྲེམས་སྟོན”ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་པ་རེད།

    འགྲེམས་སྟོན་དེ“པིར་གྱི་རྩལ་ལས་ཐོན་པའི་ཁུག་ཆེན་ཁུལ། ཚོན་མདོག་སྣ་ལྔས་འབྱུང་འགྱུར་མཚོན”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ནང་ས་དང་ཤང་ཀང་ཨའོ་མོན་གྱི་རི་མོ་མཁས་ཅན་གྱི་བརྩམས་ཆོས་ཁྱོན་116འགྲེམས་སྟོན་བྱས་པའི་ནང་། “ཀྲུང་དབྱང་གིས་ཤང་ཀང་ལ་རོགས་སྐྱོར་གྱིས་སེམས་མཐུན་རིམས་འགོག་བྱེད”དང་། “ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག”

    “ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་བྱེད་སྒོ་ཤང་ཀང་དང་ཨའོ་མོན་དུ་སྤེལ་བ” “ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་དངོས་སུ་བཀྲམ་པ” “ཀང་ཀྲུའུ་ཨའོ་ཡི་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ”“ནང་སའི་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་བས་ཤང་ཀང་དུ་འཚམས་འདྲིར་བསྐྱོད་པ” “ཤང་ཀང་གོང་མའི་ཕོ་བྲང་རིག་གནས་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བ”སོགས་ཕུན་སུམ་ཚོགས་པའི་ནང་དོན་ལ་བརྟེན་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་གལ་ཆེན་ཟིན་ཐོར་བཀོད་པ་དང་ཤང་ཀང་མེས་རྒྱལ་པང་དུ་ལོག་ཚུན“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཀྱི་མཛུབ་ཁྲིད་འོག་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། དམངས་འཚོ་སོགས་ལ་ཐོབ་པའི་འཕེལ་རྒྱས་དང་ཡར་ཐོན་གཙོ་གནད་དུ་མཚོན་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།