[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་ལས་བྱེད་པ་ཁྲི་21ལྷག་ཙམ་གྱིས་གྲོང་ཚོར་བཅའ་སྡོད་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁབ་ཐོབ་པར་རམ་འདེགས་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-27

    ཀྲུང་གོ་གཞོན་ནུའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ཚུན། བོད་དུ་འཕོ་འགྱུར་ཆེན་པོ་ཟམ་མི་ཆད་པར་བྱུང་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འདས་ཟིན་པའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་བྱུང་བ་མ་ཟད། ཕྱོགས་གང་ས་ཅི་ཐད་ནས་སྔ་ན་མེད་པའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད” ཉེ་ཆར། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་དྲ་ཐོག་ནས“དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གསར་འགྱུར་ཇ་སྟོན་ཚོགས་འདུ་འཚོགས་ཤིང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཀྲང་ཡུན་དང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་མཉམ་སྤྱོད་བྱས་པ་རེད།

    ཀྲང་ཡུན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་ལས་བྱེད་པ་ཁྲི་21ལྷག་ཙམ་གྱིས་གྲོང་ཚོར་བཅའ་སྡོད་བྱས་ཏེ་མང་ཚོགས་དང་མཉམ་ཟ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་བྱེད་བཞིན་ཡོད། “དེ་ག་ནས་ལས་ཁུངས་ཀྱི་སྤྱོད་ཚུལ་དང་བསམ་བློ་གཏོང་སྟངས་ལེགས་སུ་ཕྱིན་པ་དང་། མང་ཚོགས་ཀྱི་རྒྱུས་ལོན་པ། འཇོན་ཐང་འཕེལ་བ་བཅས་བྱུང་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་མངོན་འགྱུར་བྱུང་བ་དང་། ལྷག་པར་དུ་གཞོན་ནུ་ལས་བྱེད་པ་འཚར་ལོངས་ཡོང་བར་སྐུལ་འདེད་ཐུབ་པས་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་བཤད།

    “ལས་བྱེད་པ་ཁྲི་21ལྷག་ཙམ་སྔ་རྗེས་སུ་བོད་ཀྱི་མང་ཚོགས་ཁྲོད་བསྐྱོད་པ་དེས་སྤྱི་ཚོགས་ཀྱི་བསམ་བློར་བཅིངས་འགྲོལ་དང་མི་རྣམས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བའི་ཐད་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད” ཅེས་ཀྲང་ཡུན་གྱིས་བཤད། ཁོང་གིས་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱས་པ་ལས་བོད་ཀྱི་ཕྱོགས་གང་ས་ཅི་ཐད་ལ་འགྱུར་ལྡོག་བྱུང་བ་མ་ཟད། ད་ཆའི་བོད་ཀྱི་རྣམ་པ་བཟང་པོ་མངོན་འགྱུར་ཡོང་བར་ནུས་པ་གལ་ཆེན་ཐོན་ནས་བོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་ཐུབ་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།