[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འདབ་ཆགས་ལ་གཅེས་ཐུན་མོང་ཁྱིམ་གཞིས་སྲུང་།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

    2614378_huangzy_1655913600000_s.jpg

    འདི་ནི་ཆི་ཆི་ཧར་གྲོང་ཁྱེར་ཨང་ཨང་ཤིས་ཁུལ་གྱི་གློག་ཤིང་ཞིག་ཏུ་ཤར་ཕྱོགས་ཁྲུང་ཁྲུང་དཀར་པོའི་བྱིའུ་ཚང་ནང་གི་བྱིའུ་ཕྲུག་ཡིན་པ་དང་། གློག་ཤུགས་བཟོ་པས་བྱིའུ་ཚང་གི་འོག་ཏུ་སྲུང་སྐྱོབ་སྒྲོམ་བཟོ་བཞིན་པ།

    ཀྲ་ལུང་འདམ་ར་ཡོད་སའི་ཧེ་ལུང་ཅང་ཞིང་ཆེན་ཆི་ཆི་ཧར་གྲོང་ཁྱེར་ནི་ཁྲུང་ཁྲུང་མཚོག་དམར་གྱི་ཕ་ཡུལ་ཡིན་པ་མ་ཟད། “འདབ་ཆགས་རིགས་ཀྱི་ནོར་བུ་རྩ་ཆེན”དུ་གྲགས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་འདབ་ཆགས་ཤར་ཕྱོགས་ཁྲུང་ཁྲུང་དཀར་པོའི་འཚོ་སྡོད་བྱ་ཡུལ་ཡང་རེད། མིག་སྔ་ནི་དུས་བྱའི་རྒྱུད་སྤེལ་དུས་ཚིགས་ཡིན་པས། ཤར་ཕྱོགས་ཁྲུང་ཁྲུང་དཀར་པོས་གློག་ཤིང་མཐོ་པོར་ཚང་བཟོས་ནས་བྱིའུ་ཕྲུག་གསོ་ཡི་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཆི་ཆི་ཧར་གྲོང་ཁྱེར་དུ་གློག་ཤིང་གི་ཐོག་ཏུ་ཁྲུང་ཁྲུང་དཀར་པོའི་བྱིའུ་ཚང་100ལྷག་ཙམ་བསགས་ཡོད་པ་རེད། གློག་དྲའི་གློག་སྐུད་བརྟན་པོའི་ངང་འཁོར་སྐྱོད་དང་ཤར་ཕྱོགས་ཁྲུང་ཁྲུང་དཀར་པོའི་བྱིའུ་ཚང་གི་བདེ་འཇགས་འགན་སྲུང་བྱ་ཆེད། རྒྱལ་ཁབ་གློག་དྲ་ཆི་ཆི་ཧར་གློག་འདོན་ཀུང་སིའི་ལས་མིས་ད་ཡོད་ཀྱི་བྱིའུ་ཚང་ལ་བྱིའུ་སྲུང་སྐྱོབ་ཀྱི་སྒྲོམ་བཟོ་བ་དང་། མིས་བཟོས་བྱིའུ་ཚང་བཟོ་བ། “འདབ་ཆགས་ལ་གཅེས་སྤྲས་ཀྱི་དམིགས་བསལ་སྐོར་ཞིབ”སོགས་འདབ་ཆགས་ལ་གཅེས་སྤྲས་དང་གློག་སྐུད་སྲུང་སྐྱོང་གི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། གློག་སྐུད་དང་འདབ་ཆགས་གཉིས་ཀར་སྲུང་སྐྱོང་བྱས་ནས། འདབ་ཆགས་རིགས་དང་གློག་འདོན་སྒྲིག་ཆས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་གང་ཐུབ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།