[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བློ་མཐུན་ཞི་ཅིན་ཕིང་གི《ཏང་གི་གཞོན་ནུའི་ལས་དོན་སྐོར་གླེང་བ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་བློ་མཐུན་ཞི་ཅིན་ཕིང་གི《ཏང་གི་གཞོན་ནུའི་ལས་དོན་སྐོར་གླེང་བ》 ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས། རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

    ཆེད་དོན་གསུང་རྩོམ་ཕྱོགས་སྒྲིག་འདིའི་ནང་། ཏང་གི་གཞོན་ནུའི་ལས་དོན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་ཁག་60བསྡུས་ཡོད་པ་དང་། འདིའི་ནང་གི་གསུང་རྩོམ་ཁག་གཅིག་ཡོངས་བསྒྲགས་འགྲེམས་སྤེལ་བྱེད་ཐེངས་དང་པོ་ཡིན་པ་རེད།

    གཞོན་ནུ་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་རེད་ལ། ཏང་གི་མ་འོངས་པ་དང་རེ་བ་ཡང་རེད། རྒྱ་ཆེའི་གཞོན་ནུའི་ཚབ་བྱེད་པ་དང་། རྒྱ་ཆེའི་གཞོན་ནུའི་བློ་སེམས་ཐོབ་པ། རྒྱ་ཆེའི་གཞོན་ནུར་བརྟེན་པ་བཅས་ནི་རང་རེའི་ཏང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་པའི་འགན་ལེན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་བྱ་གཞག་གཅིག་རྒྱུན་གཅིག་འཛིན་དང་ཀྲུང་ཧྭ་མི་རིགས་ཡུན་རིང་འཕེལ་རྒྱས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་ལས་འགུལ་གྱི་ཆོས་ཉིད་སྟངས་འཛིན་གཏིང་ཟབ་དང་། ཏང་གིས་གཞོན་ནུའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བཅས་བརྒྱབ་ནས། ཏང་གི་ལོ་རྒྱུས་ཐོག་གི་ཀྲུང་དབྱང་གི་ཏང་གི་མང་ཚོགས་ཚོགས་པའི་ལས་དོན་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་གི་གཞོན་ནུའི་འཕེལ་རྒྱས་འཆར་གཞི་དང་པོ་འདོན་པ། ཏང་གི་ལོ་རྒྱུས་ཐོག་ཏང་ཀྲུང་དབྱང་གི་མིང་ཐོག་ནས་ཁྱབ་བསྒྲགས་བྱས་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ཡིག་ཆ་ཨང་དང་པོ་བཀྲམ་པ། གུང་གཞོན་སྡེ་ཚོགས་ཀྱི་སྒྱུར་བཅོས་བཀོད་སྒྲིག་བཅས་བྱས་ནས། གཞོན་ནུའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་གཞོན་ནུའི་ལས་དོན་ལ་གཞིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་ནང་། ཏང་གི་གཞོན་ནུའི་ལས་དོན་གྱི་གནས་བབ་དང་ནུས་པ་དང་། དམིགས་ཚད་དང་ལས་འགན། ལས་འགན་དང་འགན་འཁྲི། ལག་ལེན་དང་བླང་བྱ་བཅས་ལ་རྒྱས་བཤད་གཏིང་ཟབ་གནང་བ་དང་། དུས་རབས་གསར་པར་གཞོན་ནུ་གང་འདྲ་ཞིག་གསོ་སྐྱོང་བྱེད་དགོས་པ་དང་། གཞོན་ནུ་གང་འདྲ་བྱས་ནས་གསོ་སྐྱོང་བྱེད་དགོས་པ། གུང་གཞོན་སྡེ་ཚོགས་གང་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས་པ། གུང་གཞོན་སྡེ་ཚོགས་གང་འདྲ་བྱས་ནས་འཛུགས་སྐྱོང་བྱེད་དགོས་པ་སོགས་ཁ་ཕྱོགས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་ནས། རང་རེའི་ཏང་གིས་གཞོན་ནུའི་ལས་དོན་གྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པར་སླེབས་པ་བྱས་ཏེ། དུས་རབས་གསར་པའི་ཏང་གི་གཞོན་ནུའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེ་རྒྱ་ཆེའི་གཞོན་ནུར་མཐུན་སྒྲིལ་དང་། སྒྲིག་འཛུགས། སྐུལ་སློང་བཅས་དེ་བས་ལེགས་པ་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བའི་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།