[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2020ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ལྕགས་ལམ་ཐོག་སྔོན་དཔག་ལྟར་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་4.4ཟིན་རྒྱུ་དེ་དུས་མཚུངས་ལས་8%འཕར་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-14

    ཚེས་9ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་2020ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་བབ་དང་ལས་དོན་བཀོད་སྒྲིག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རྒྱལ་ཁབ་ལྕགས་ལམ་ཅུས་ཀྱི་སྤྱི་ཁྱབ་བཟོ་བཀོད་པ་དང་གསར་འགྱུར་མགྲིན་ཚབ་པ་ཡན་ཧོ་ཞང་གིས་འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ལྕགས་ལམ་ཐོག་སྔོན་རྩིས་ལྟར་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་4.4ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་ལས་8%འཕར་རྒྱུ་རེད་ཅེས་བརྗོད།

    2020ལོའི་དཔྱིད་གསར་སྐྱེལ་འདྲེན་ནི་ཉེ་བའི་ལོ་8རིང་གི་དཔྱིད་གསར་སྐྱེལ་འདྲེན་བྱེད་སྔ་ཤོས་ཡིན་པ་དེ་ཟླ་1ཚེས་10ཉིན་ནས་འགོ་ཚུགས་པ་དང་ཟླ་2ཚེས་18ཉིན་མཇུག་འགྲིལ་རྒྱུ་རེད། དུས་ཆེན་གོང་སློབ་མ་དང་། གླ་པ། གཉེན་འཕྲད་བཅས་ཀྱི་འགྲུལ་རྒྱུན་བལྟོས་བཅས་ཀྱིས་མང་བས་འགྲུལ་རྒྱུན་གཅིག་སྡུད་ཆེ་ཙམ་ཡོད། སྔོན་དཔག་ལྟར་ན་རྒྱལ་ཡོངས་ཀྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་30ཟིན་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་ཅུང་ཙམ་འཕར་རྒྱུ་རེད།

    ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་ཝུན་ཤིན་གྱིས་ངོ་སྤྲོད་བྱས་པར། དཔྱིད་གསར་སྐྱེལ་འདྲེན་རིང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྐྱེལ་འདྲེན་བྱེད་ནུས་མཐོ་རུ་བཏང་སྟེ་འགྲུལ་རྒྱུན་མང་ཤོས་སྐབས་སུ་ཉིན་ལྟར་མཚན་མོའི་འགྲོ་འོང་ཤུགས་འགྲེམས་མེ་འཁོར་157.5མང་དུ་གཏོང་རྒྱུ་ཡིན་པ་དེ་དུས་མཚུངས་ལས་50%འཕར་རྒྱུ་རེད། དུས་ཆེན་གོང་ཉིན་ལྟར་འགྲུལ་སྐྱེལ་འགྲོ་འོང་མེ་འཁོར་5275གཏོང་རྒྱུ་ཡིན་པ་དེ་དུས་མཚུངས་ལས་7.7%འཕར་རྒྱུ་དང་། དུས་ཆེན་རྗེས་ཉིན་ལྟར་འགྲོ་འོང་མེ་འཁོར་5410གཏོང་རྒྱུ་ཡིན་པ་དེ་དུས་མཚུངས་ལས་6.9%འཕར་རྒྱུ་རེད།

    འགྲོ་ལམ་དང་ཆུ་ལམ་ཐད་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་སྤྱི་ཁྱབ་བཟོ་བཀོད་པ་དབང་དབྱང་གིས་དཔྱིད་གསར་སྐྱེལ་འདྲེན་རིང་གཞུང་ལམ་ཐོག་འགྲུལ་སྐྱེལ་རླངས་འཁོར་ཁྲི་79ལྷག་ཙམ་དང་འགྲུལ་པ་སྡོད་ས་ཁྲི་2031ཙམ་བཀོད་སྒྲིག་བྱ་རྒྱུ་དང་འགྲུལ་སྐྱེལ་གྲུ་གཟིངས་ཁྲི་1.9ཙམ་དང་འགྲུལ་པ་སྡོད་ས་ཁྲི་83ཙམ་བཀོད་སྒྲིག་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ས་གནས་ཁག་གིས་འགྲོ་ལམ་དང་ཆུ་ལམ་གྱི་འཕྲལ་སྡོམ་དབོར་འདྲེན་གྲབས་གསོག་ལ་ཤུགས་སྣོན་རྒྱག་རྒྱུར་མཛུབ་ཁྲིད་བྱས་ཏེ་འགྲུལ་རྒྱུན་འགྱུར་ལྡོག་གི་གནས་ཚུལ་ལ་གཞིགས་ནས་རླངས་འཁོར་དང་གྲུ་གཟིངས་གཏོང་བའི་ལན་གྲངས་དུས་ཐོག་ཏུ་ལེགས་སྒྲིག་བྱ་རྒྱུ་རེད་ཅེས་བརྗོད།

    དམངས་སྤྱོད་མཁའ་འགྲུལ་ཐད་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་སྤྱི་ཁྱབ་འཕུར་སྐྱོད་པ་དབན་ཤང་ཏུང་གིས་ངོ་སྤྲོད་བྱས་པར། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་ལྟར་ན་མི་ཐེངས་ཁྲི་7900ཟིན་རྒྱུ་ཡིན་པ་དེ་ན་ནིང་ལས་8.4%ཙམ་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་རྒྱུ་རེད། དཔྱིད་གསར་སྐྱེལ་འདྲེན་རིང་དམངས་སྤྱོད་མཁའ་འགྲུལ་གྱིས་ཉིན་རེར་ཆ་སྙོམས་དུས་གཏན་གནམ་གྲུ་གཏོང་ཚད་17000ལས་བརྒལ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་པ་དེ་ན་ནིང་ལས་13.3%ཙམ་འཕར་རྒྱུ་རེད། དེའི་ནང་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་གིས་སྔོན་དཔག་ལྟར་ན་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་190དབོར་རྒྱུའི་འགན་ལེན་བྱ་རྒྱུ་དང་དུས་གཏན་གནམ་གྲུ་ཐེངས་ཁྲི་1.25གཏོང་རྒྱུ་དང་ཉིན་རེར་ཆ་སྙོམས་དུས་གཏན་གནམ་གྲུ་ཐེངས་312གཏོང་རྒྱུ་ཡིན་པ་དེ་དུས་རྒྱུན་ལས་15%ཙམ་མང་དུ་འགྲོ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།