[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རེའི་ཏུན་ཁྲི་རིམ་པའི་མཐར་སྐྲོད་དམག་གྲུ་ཐོག་མ་ནན་ཁྲང་དམག་གྲུ་དཔུང་རུར་ཞུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-14

    མཚོ་དམག་ནས་གནས་ཚུལ་ཤེས་རྟོགས་བྱུང་གསལ། ཚེས་12ཉིན་གྱི་སྔ་དྲོ། མཚོ་དམག་055རྟགས་ཅན་གྱི་མཐར་སྐྲོད་དམག་གྲུ་ཐོག་མ་ནན་ཁྲང་དམག་གྲུ་དཔུང་རུར་ཞུགས་པའི་མཛད་སྒོ་ཆིང་ཏའོ་དཔུང་སྡེའི་གྲུ་ཁ་ཞིག་ཏུ་གཉེར་བ་རེད།

    ནན་ཁྲང་དམག་གྲུ་ནི་རང་རྒྱལ་གྱི་རང་བརྟེན་ཞིབ་བཟོ་བྱས་པའི་055རྟགས་ཅན་གྱི་ཏུན་ཁྲི་རིམ་པའི་མཐར་སྐྲོད་དམག་གྲུའི་དམག་གྲུ་ཐོག་མ་དེ་ཡིན་པ་དང་དམག་གྲུ་ཆེ་གྲས་ཀྱི་སྤྱིའི་ཇུས་འགོད་དང་། ཆ་འཕྲིན་གཅིག་སྡུད། སྤྱི་ཡོངས་སྒྲིག་སྦྱོར་བཟོ་སྐྲུན་སོགས་ཀྱི་འགག་རྩའི་ལག་རྩལ་རབ་དང་རིམ་པ་སྔ་རྗེས་སུ་ཚད་བརྒལ་བྱུང་བ་མ་ཟད། དེར་མཁའ་ཟོན་དང་། ལྡོག་འདྲེན། ལྡོག་གྲུ། ཆུ་རྒོལ་སོགས་ཀྱི་མཚོན་ཆ་དབྱིབས་གསར་སྒྲིག་སྦྱོར་བྱས་ཡོད་པས་ཆ་འཕྲིན་རྟོགས་ཤུགས་ཆེ་བ་དང་མཁའ་ཟོན་ལྡོག་འདྲེན་དང་མཚོ་ཐོག་བྱེད་སྤྱོད་ལ་རྒོལ་བའི་ནུས་པ་ཆེན་པོ་ལྡན་ཡོད། དམག་གྲུ་དེ་2017ལོའི་ཟླ་6ཚེས་28ཉིན་ཆུར་འཛུལ་བ་དང་2019ལོའི་ཟླ་4ཚེས་23ཉིན་མི་དམངས་མཚོ་དམག་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚོ་ཐོག་དམག་གཟིགས་ལ་ཞུགས་ཡོད། དམག་གྲུ་དེ་དཔུང་རུར་ཞུགས་པ་དེ་ཐོག་ནས་མཚོ་དམག་གི་མཐར་སྐྲོད་དམག་གྲུ་རབས་གསུམ་པ་ནས་རབས་བཞི་པའི་བར་མཆོང་སྐྱོད་བྱུང་བ་མཚོན་ཡོད་པ་རེད།

    ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། མཚོ་དམག་དང་ནན་ཁྲང་གྲོང་ཁྱེར། ཆིང་ཏའོ་གྲོང་ཁྱེར་བཅས་ཀྱི་འགོ་ཁྲིད་དང་དཔུང་སྡེའི་དཔོན་དམག་གི་འཐུས་མི་སོགས་མཛད་སྒོར་ཞུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།