[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཞི་ཅིན་ཕིང་ཞ་མོན་དུ་བཞུགས》དང《ཞི་ཅིན་ཕིང་ཉིང་ཏེ་རུ་བཞུགས》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-05

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་3ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འཚར་ལོངས་ཀྱི་ལོ་རྒྱུས་ལམ་བུ་མཚོན་པའི་བཅར་འདྲི་དངོས་ཕབ་གཉིས་ཏེ《ཞི་ཅིན་ཕིང་ཞ་མོན་དུ་བཞུགས》དང《ཞི་ཅིན་ཕིང་ཉིང་ཏེ་རུ་བཞུགས》ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔེ་སྐྲུན་ཁང་གིས་དུས་གཅིག་ཏུ་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

    1985ལོའི་ཟླ་6པར་བློ་མཐུན་ཞི་ཅིན་ཕིང་ཧོ་པེའི་ཀྲེང་ཏིང་རྫོང་ནས་སྒྱུར་བཅོས་སྒོ་དབྱེའི་གྲོང་ཁྱེར་མདུན་མ་ཧྥུའུ་ཅན་གྱི་ཞ་མོན་དུ་ཕེབས་ནས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པའི་འགན་བཞེས། ངར་སེམས་འཕེལ་བའི་གསར་སྤེལ་སྒོ་དབྱེའི་ས་གཞི་གཤིན་པོ་དེར་ཁོང་དང་དཔལ་འབྱོར་དམིགས་བསལ་ཁུལ་གྱི་རྒྱ་ཆེའི་འཛུགས་སྐྲུན་པས་དཔུང་པ་མཉམ་གཤིབ་ཀྱིས་འབད་འཐབ་གནང་སྟེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་གསར་གཏོད་རང་བཞིན་དང་སྔ་བསམ་ཕྱི་བལྟས་ཀྱི་རང་བཞིན་ལྡན་པའི་སྒྱུར་བཅོས་ཀྱི་བྱ་ཐབས་རབ་དང་རིམ་པ་འཚོལ་ཞིབ་དང་སྐུལ་འདེད་བཏང་བ་མ་ཟད། གཡུར་དུ་ཟ་བའི་འབྲས་བུ་ཐོབ་ཡོད། 《ཞི་ཅིན་ཕིང་ཞ་མོན་དུ་བཞུགས》ཞེས་པའི་དེབ་ནང་ཁྱོན་བཅར་འདྲི་དངོས་ཕབ་ཁག་13འཁོད་པ་དང་བློ་མཐུན་ཞི་ཅིན་ཕིང་གི་སྐབས་དེའི་ལས་རོགས་དང་འབྲེལ་གཏུག་གནང་མྱོང་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གནས་ཚུལ་དངོས་བརྗོད་པ་བརྒྱུད་ཁོང་ཞ་མོན་དུ་ཕྱག་ལས་གནང་རིང་གི་བརྒྱུད་རིམ་དང་འགོ་ཁྲིད་ཀྱི་ཉམས་འགྱུར་སླར་ཡང་མངོན་ནས་ཁོང་གིས་དཔལ་འབྱོར་དམིགས་བསལ་ཁུལ་གྱི་འཕེལ་རྒྱས་དང་ཚན་རིག་དང་མཐུན་པའི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པའི་གཟིགས་རྒྱང་རིང་ལ་སྐུ་ཡོན་ཆེ་བ་དང་མང་ཚོགས་ཀྱིས་བསམ་བློ་གཏོང་ཡུལ་དང་། སེམས་ཁྲལ་བྱ་ཡུལ། རེ་སྒུག་བྱ་ཡུལ་བཅས་ཐག་གཅོད་ཏན་ཏིག་གནང་བའི་དམངས་ལ་བརྩེ་བ་ཆེན་པོ་འཆང་ལུགས་གང་ལེགས་མཚོན་ཡོད་པ་རེད།

    1988ལོའི་ཟླ་6པ་ནས་1990ལོའི་ཟླ་4པ་བར་བློ་མཐུན་ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཉིང་ཏེ་ས་ཨུད་ཀྱི་ཧྲུའུ་ཅི་གནང་བ་རེད། དགུང་ལོ་35ལ་ཕེབས་མ་ཐག་པའི་ཁོང“གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་། གྲངས་ཉུང་མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། གླིང་ཕྲན་ས་ཁུལ། དབུལ་ཕོངས་ས་ཁུལ”བཅས་ཡིན་པའི་མཚོ་རྒྱུད་ཀྱི་འཕེལ་རྒྱས་འགོར་བའི་ས་ཁུལ་དེར་ཕེབས་ནས་བརྟག་ཞིབ་གཏིང་ཟབ་གནང་འགོ་བཙུགས་ཏེ“བྱ་རྟུལ་སྔོན་དུ་འཕུར་བའི”འདུ་ཤེས་བཏོན་པ་དང“རྡོ་ལ་ཨི་ཁུང་འབིགས་པའི”སྙིང་སྟོབས་དར་སྤེལ་བཏང་ནས་ཧྥུའུ་ཅན་ཤར་རྒྱུད་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཏན་ཏིག་དང་བརྟན་པོའི་ངང་དབུལ་སྒྲོལ་ལ་སྣེ་ཁྲིད་གནང་ཡོད། 《ཞི་ཅིན་ཕིང་ཉིང་ཏེ་རུ་བཞུགས》ཞེས་པའི་དེབ་ནང་བཅར་འདྲི་དངོས་ཕབ་19འཁོད་པ་དང་ཟུར་ཚད་མི་འདྲ་བ་ནས་བློ་མཐུན་ཞི་ཅིན་ཕིང་ཉིང་ཏེར་ཕྱག་ལས་གནང་བའི་བརྒྱུད་རིམ་ལ་དྲན་གསོ་བྱས་པ་དང་ཤ་ཏང་ཤང་དུ་ཐེངས་གསུམ་ཕེབས་པ་དང་། “གཞི་རིམ་དུ་ཐེངས་བཞི་ཕེབས་པ”དཔལ་འབྱོར་འཛུགས་སྐྲུན་ཆེན་པོ་གནང་བ། “གཞུང་དོན་སྣེ་ལེན་གྱི་དོན་ཚན་12”ཡོངས་བསྒྲགས་གནང་བ། ལས་བྱེད་པས་སྒྲིག་འགལ་ངང་སྒེར་ཁང་བསྐྲུན་པར་བཅོས་སྒྲིག་གནང་བ་སོགས་འགག་སྒྲོལ་དཀའ་སེལ་གྱི་གཏམ་རྒྱུད་གསོན་ཉམས་དོད་པོའི་སྒོ་ནས་བརྗོད་ཡོད།

    བཅར་འདྲི་དངོས་ཕབ་དེ་གཉིས་ལས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་ལག་ལེན་གྱི་གཏན་ཚིགས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར་གསོན་ཉམས་དོད་པའི་བསླབ་གཞི་མཁོ་འདོན་བྱས་པ་དང་། ཏང་ཡོན་དང་ལས་བྱེད་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པར་ཁྲིད་སྟོན་བྱས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་བས་ལེགས་པའི་སྒོ་ནས་ལག་བསྟར་བྱེད་པར་སློབ་གསོ་དཔེ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།