[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་པེ་ཅིང་དུ་འཚོཌ་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-05

    རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུ་ཚེས་3ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་དམག་འཐབ་ལ་དམ་པོར་དམིགས་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཁག་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། བློ་གཏད་བཅོལ་ས་སྔར་བས་བརྟན་པོ་དང་། དྲང་ནུས་གཅིག་སྒྲིལ། ཟུངས་ཤུགས་འཕེལ་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཧུའུ་ཉིང་གིས། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པར་དམིགས་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཛུབ་ཁྲིད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། བླང་བྱ་གལ་ཆེན་གསར་པ་མང་པོ་བཏོན་གནང་ལ། ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན་གྱི་གནད་དོན་རབ་དང་རིམ་པར་ལན་སྐྱོན་གནང་བ་རེད། དེ་ནི་ང་ཚོས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་གོ་བ་གཏིང་ཟབ་བླངས་ཏེ་དོན་འཁྱོལ་ནན་ཏན་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཧུའུ་ཉིང་གིས། འདི་ལོའི་དྲིལ་བསྒྲགས་བསམ་བློའི་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ཐོག ཐོས་བསམ་མྱོང་རྟོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བའི་ཐད་ཟབ་འཇུག་དང་། བྱེད་སྟངས་གསར་གཏོད་ཀྱིས་དམིགས་སའི་རང་བཞིན་དང་ཕན་པ་དངོས་ཀྱི་རང་བཞིན་ཆེ་རུ་གཏོང་བའི་ཐད་ཟབ་འཇུག དོན་དངོས་དང་ཟུང་འབྲེལ་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཐད་ཟབ་འཇུག་བཅས་བྱེད་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་རྩ་བའི་ལས་འགན་དུ་བརྩིས་ཐོག ཕྱོགས་ཁག་གི་དྲིལ་བསྒྲགས་ཀྱི་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱས་ནས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ངར་ཤུགས་འཕེལ་བར་བྱེད་དགོས། ཀྲུང་གོའི་གཏམ་རྒྱུད་གསོན་ཉམས་ལྡན་པའི་ངང་ཡག་པོ་བཤད་དེ། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་རྒྱལ་ཁབ་ཀྱི་རིག་གནས་འཇམ་ཤུགས་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱི་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཐོག འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ལས་དོན་བཀོད་སྒྲིག་ཀྱང་གནང་བ་དང་། ཁོང་གིས། ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཆོད་སེམས་འཇོག་པར་དམིགས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསམ་བློའི་གཏིང་རིམ་དུ་ཟུག་ནས་དོན་འཁྱོལ་ཡག་པོ་བྱེད་པར་སྐུལ་འདེད་གཏོང་བ་དང་། རླབས་ཆེན་དུས་རབས་ཀྱི་ལོ་རྒྱུས་འབྲི་བར་དམིགས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་རྣམ་པ་ཟབ་མོ་གཏོད་པ། སྤྱི་ཚོགས་ཀྱི་སྤྱོད་བཟང་འཛུགས་པར་དམིགས་ཏེ། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཕོད་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་པ། བྱ་གཞག་གི་རྨང་གཞི་བརྟན་གཏོང་དང་ལམ་ལུགས་འཛུགས་པར་དམིགས་ནས་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་གཏམ་རྒྱུད་དྲིལ་བསྒྲགས་དང་དཔེ་ཆ་རྩོམ་པར་དམིགས་ཏེ། འཛམ་གླིང་གིས་ཀྲུང་གོ་ཤེས་ཚོར་དང་ཤེས་རྟོགས་སྔར་བས་ཡག་པོ་ཐུབ་པ་བྱེད་དགོས། ཞིབ་བསྡུར་དང་མིག་ལྟོས་བྱས་ནས་གཅིག་གྱུར་མཐའ་འཁྱོངས་ཀྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་བླང་བྱ་ཨང་དང་པོ་དང་། བློ་དཀར་སེམས་དཀར་དང་བློས་འགེལ་ཆོག་པ་ཚད་གཞི་ཨང་དང་པོར་བརྩིས་ནས། དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། ལག་ལེན་བྱེད་རིང་རྒྱུན་ཆད་མེད་པར་ཉམས་མྱོང་ཕྱོགས་སྡོམ་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་དང་། རྩ་བ་བརྟན་སྲུང་དང་གསར་གཏོད། རྒྱུན་འཁོར་མཐིལ་རྟོགས་བཅས་མཐའ་འཁྱོངས་བྱས་ནས། དྲིལ་བསྒྲགས་བསམ་བློའི་ལས་དོན་དངོས་འབྲེལ་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཏིང་ཞུའེ་ཞང་ཚོགས་འདུར་ཕེབས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།