[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན།

    ​ 《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། འཕེལ་རྒྱས་བཅས་གཏོང་དགོས》ཞེས་པ་སྤེལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་23པའི་ཐོག ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུམ་རྩོམ་གལ་ཆེན《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། འཕེལ་རྒྱས་བཅས་གཏོང་དགོས》ཞེས་པ་སྤེལ་བ་རེད།

    གསུང་རྩོམ་ནང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་རིང་། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་འཁྲིད་དེ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལག་ལེན་བསྟར་ནས་རིམ་བཞིན་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ཤིག་ཆགས་ཡོད། དེས་དེང་གི་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་ལ་རྩ་བའི་འགན་ལེན་བྱས་ཡོད་ལ། དུས་རབས་གསར་པར་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་རྩ་ཆེའི་ཉམས་མྱོང་ཡང་མཁོ་འདོན་བྱས་ཡོད། ཏང་ཡོངས་ཀྱིས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་སྟེ་ཏང་དང་མི་དམངས་ཀྱིས་བཏོད་པའི་ཡང་དག་པའི་འགྲོ་ལམ་ཐོག་མུ་མཐུད་མདུན་སྐྱོད་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    གསུང་རྩོམ་ནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ནི་དུས་ཡུན་རིང་པོའི་ལག་ལེན་དང་འཚོལ་ཞིབ་ནང་གྲུབ་པ་ཞིག་ཡིན་ལ། མིའི་རིགས་ཀྱི་ལམ་ལུགས་ཤེས་དཔལ་གྱི་ལོ་རྒྱུས་ཐོག་རླབས་ཆེན་གྱི་གསར་གཏོད་ཅིག་ཀྱང་ཡིན། ལག་ལེན་དངོས་ཀྱི་ཐོག་ནས་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གནའ་བོའི་ཤར་ཕྱོགས་རྒྱལ་ཁབ་ཆེན་པོར་མི་དམངས་དུང་ཕྱུར་མང་པོ་རང་ཁྱིམ་རང་བདག་འགན་ལེན་ཐུབ་པའི་རྒྱལ་ཁབ་ལམ་ལུགས་གསར་པ་ཞིག་བཙུགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་མངོན་གསལ་དོད་པའི་ཁྱད་འཕགས་རང་བཞིན་དང་སྟོབས་ཆེ་བའི་གསོན་ཤུགས་ལྡན་པའི་ལམ་ལུགས་ལ་གྱུར་ཏེ་རང་རྒྱལ་གྱིས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་གཏོད་རྒྱུར་འགན་ལེན་བྱས་ཡོད་ལ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་དུ་སྐྱོད་རྒྱུར་གདམ་ག་གསར་པ་མཁོ་འདོན་བྱས་པ་དང་མིའི་རིགས་ཀྱིས་དེ་བས་ལེགས་པའི་སྤྱི་ཚོགས་ཀྱི་ལམ་ལུགས་འཚོལ་ཞིབ་བྱས་ནས་གཏོད་རྒྱུར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཀྱང་ཕུལ་བ་ར་འཕྲོད་བྱུང་ཡོད་ཅེས་བསྟན་ཡོད།

    གསུང་རྩོམ་ནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་ལག་བསྟར་ཡག་པོ་བྱེད་དགོས་ལ། རྒྱུན་ཆད་མེད་པར་འཐུས་ཚང་དང་འཕེལ་རྒྱས་ཀྱང་གཏོང་དགོས། ང་ཚོས་བཙུགས་ཟིན་པ་དང་ལག་ལེན་དངོས་ཀྱི་ཉམས་སད་ཐེག་པའི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་མཐའ་འཁྱོངས་དང་བརྟན་དུ་ཡག་པོ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག རང་རྒྱལ་གྱི་རྒྱལ་བབ་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་ལམ་ལུགས་གསར་གཏོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་བཅོས་སྐྱོང་ལ་འཕྲལ་མཁོ་ཆེ་བའི་ལམ་ལུགས་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་དགོས་ངེས་ཀྱི་ལམ་ལུགས་མགྱོགས་མྱུར་གཏོད་དེ་འཐུས་སྒོ་ཚང་དུ་གཏོང་དགོས། ལམ་ལུགས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ་དང་ལམ་ལུགས་ལག་བསྟར་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ནུས་ཕྱོད་དུ་སྒྱུར་བ་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།