[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་ལོ་གཉིས་ཙམ་རིང་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་གསང་སྤྱོད་བདེ་འཇགས་གཙང་སྦྲ་ལྡན་པ་དང་ཁོར་ཡུག་སྲུང་སྐྱོང་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    2019ལོ་ནས་བཟུང་། རང་རྒྱལ་གྱིས་དབུས་ནུབ་ས་ཁུལ་གྱི་རྫོང་ཁོངས་ནང་གི་གྲོང་གསེབ་ཀྱི་སློབ་གྲྭ་གཙོ་གནད་དུ་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་གསང་སྤྱོད་སྒྱུར་བཀོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད། ལོ་གཉིས་ཙམ་གྱི་དུས་ཚོད་ནང་འབད་བརྩོན་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་གསང་སྤྱོད་གཞི་རྩའི་ཆ་ནས་བདེ་འཇགས་གཙང་སྦྲ་ལྡན་པ་དང་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་མཐའ་ཚད་ཀྱི་བླང་བྱ་དང་མཐུན་པ་བྱ་རྒྱུ་རེད།

    ཚེས་30ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་སློབ་གསོ་པུས་ཉེ་ཆར་བཀྲམ་པའི་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འདུ་འགོད་ལག་ལེན་བསྟར་བའི་ནང་སློབ་གྲྭ་འབྲིང་ཆུང་གི་གསང་སྤྱོད་སྒྱུར་བཀོད་ཀྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་སྐོར་གྱི་བརྡ་ཐོ་བཀྲམ་ནས། ས་གནས་ཀྱི་མ་འཇོག་གཙོ་བོར་བྱས་ཏེ་ད་ཡོད་ཀྱི་མ་དངུལ་གྱི་ཐབས་ལམ་སྣ་ཚོགས་སྤྱི་འདོམས་བེད་སྤྱོད་བྱེད་པ་དང་། ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་གསང་སྤྱོད་སྒྱུར་བཀོད་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་དགོས་ཞེས་བརྗོད་པ་རེད།

    གསང་སྤྱོད་ནི་སློབ་གྲྭ་འབྲིང་ཆུང་འཛུགས་སྐྲུན་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན་ཞིང་། བརྡ་ཐོའི་ནང་ས་གནས་ཁག་གིས་སློབ་གྲྭ་འབྲིང་ཆུང་གི་གསང་སྤྱོད་ནི་དོན་ཆུང་ཞིག་མིན་པར། དེ་ནི་ཤེས་དཔལ་བདེ་ཐང་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པའི་ངོས་འཛིན་གང་ལེགས་བྱེད་དགོས། སློབ་གྲྭ་འབྲིང་ཆུང་ནི་ཤེས་དཔལ་གྱི་འགོ་འཛུགས་ས་ཞིག་ཡིན་པས། སློབ་གྲྭ་འབྲིང་ཆུང་གི་གསང་སྤྱོད་སྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་ནི་རྨང་གཞིའི་སློབ་གསོའི“ཞན་ཆ་གསབ་པའི”ནང་དོན་གལ་ཆེན་ཞིག་ཡིན་ལ། “གསང་སྤྱོད་གསར་བརྗེའི”གྲུབ་ཆའི་ཆ་གལ་ཆེན་ཞིག་ཀྱང་དེ་བས་རེད། དེར་བརྟེན། སློབ་གྲྭ་འབྲིང་ཆུང“གསང་སྤྱོད་གསར་བརྗེའི”གྲིབ་ཆར་མི་འགྱུར་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།

    བརྡ་ཐོའི་ནང་ཕྱོགས་ཡོངས་ནས་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གོ་རིམ་ལྡན་པའི་སྒོ་ནས་གནས་ཚུལ་གསེད་བཀྲོལ་བྱེད་དགོས་པ་དང་། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཇུས་གཞི་འདིང་ཐབས་གཏན་འཁེལ་བྱེད་པ། ཆུ་འཚམ་ན་ཆུ་དང་། སྐམ་པོ་འཚམ་ན་སྐམ་པོ། སློབ་གྲྭ་གཅིག་ལ་བྱ་ཐབས་གཅིག་བཅས་འདོན་པ་ལས་སྤྱོད་གོ་མི་ཆོད་པ་དང་། སྤྱོད་ཤན་ཆུང་བ། བེད་སྤྱོད་མེད་པ་བཅས་ཀྱི“ཁུངས་མི་འཁྱོལ་བའི”ལས་གྲྭ་དང་ཕྱི་ཚུལ་ཙམ་གྱི་ལས་གྲྭར་འགྱུར་རྒྱུ་གཏན་འགོག་བྱེད་དགོས་པ། བདེ་འཇགས་གཙང་སྦྲ་ལྡན་པ་དང་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་ཀྱི་བླང་བྱ་མཐའ་འཁྱོངས་བྱས་ནས་འཛུགས་སྐྲུན་ཚད་ལྡན་དུ་གཏོང་དགོས་པ། བདག་སྐྱོང་དོ་དམ་ཡག་པོ་བྱས་ནས་འཁོར་སྐྱོད་འགན་ལེན་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    བརྡ་ཐོ་གཞིར་བཟུང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་སློབ་གསོ་པུས་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འདུ་འགོད་སོགས་ཀྱི་ཆེད་དོན་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་རྒྱུ་སྒྲིག་འཛུགས་བྱས་ནས། དབུས་ནུབ་རྒྱུད་ཀྱི་འབྲེལ་ཡོད་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར(དབུས་ནུབ་རྒྱུད་ཀྱི་སྲིད་ཇུས་ལོངས་སུ་སྤྱོད་མཁན་ཤར་རྒྱུད་ས་ཁུལ་ཚུད་པ)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་འོས་འགན་སློབ་གསོའི་སློབ་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་ལེན་བསྟར་རིང་། གཙང་སྦྲ་ལྡན་པའི་གསང་སྤྱོད་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་མུ་མཐུད་སྤྱི་འདོམས་དང་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། གཅིག་སྡུད་ཡུག་སྤྲེལ་གྱི་དམིགས་བསལ་དཀའ་ངལ་ཆེ་བའི་རྫོང་དང་། རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་། གསར་བརྗེའི་ཁུལ་རྙིང་པའི་རྫོང་། མི་རིགས་རང་སྐྱོང་རྫོང་། མཐའ་མཚམས་རྫོང་བཅས་ཀྱི་གསང་སྤྱོད་སྒྱུར་བཀོད་ལས་དོན་ལ་རྒྱབ་སྐྱོར་བྱེད་པའི་ཐད་གཙོ་གནད་ཐོག་སྤྱོད་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།