[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛམ་གླིང་དྲ་སྦྲེལ་གྱི་སྣེ་འདྲེན་ཚན་རྩལ་གྲུབ་འབྲས་ཁག་15ཀྲེ་ཅང་གི་ཝུའུ་ཀྲེན་དུ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    ཤིན་ཧྭ་གསར་འགྱུར་ཁང་ཧང་ཀྲོའུ་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་20ཉིན། གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་པའི་འཛམ་གླིང་དྲ་སྦྲེལ་གྱི་སྣེ་འདྲེན་ཚན་རྩལ་གྲུབ་འབྲས་ཁག་15ཀྲེ་ཅང་གི་ཝུའུ་ཀྲེན་དུ་འཚོགས་པའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་སྐབས་དྲུག་པར་ཁྱབ་བསྒྲགས་བྱས་ཤིང་། གྲུབ་འབྲས་འདི་དག་གིས་མི་རིགས་ཀྱི་འཚོ་བ་དང་། ཚན་རྩལ་ཡར་ཐོན། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་གསར་སྒྱུར་བཅས་ལ་སྒུལ་ཤུགས་ཆེན་པོ་སྣོན་རེ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་གི་དྲ་སྦྲེལ་ཚོགས་ཆེན་སྐབས་དྲུག་པར་གོ་ལ་ཧྲིལ་པོ་ནས་རིགས་ཁག་གི་སྣེ་འདྲེན་ཚན་རྩལ་གྲུབ་འབྲས་ཁག་བརྒྱ་ལྷག་ཙམ་བསྡུ་རུབ་བྱས་པའི་ནང་དྲ་སྦྲེལ་གྱི་འབྲེལ་ཡོད་གཞི་རྩའི་རིགས་པའི་གཞུང་ལུགས་དང་། ལག་རྩལ། ཐོན་རྫས། ཚོང་ལས་རྣམ་པ་སོགས་ཀྱི་ཁྱབ་ཁོངས་ཚུད་ནས་མི་ཐབས་རིག་ནུས་དང་། 5G གྲངས་གཞི་ཆེ་མོ། སྤྲིན་རྩིས། གྲངས་གཞི་ཅན་གྱི་བཟོ་སྐྲུན། བཟོ་ལས་དྲ་སྦྲེལ་སོགས་ལག་རྩལ་རིགས་འདུས་ཡོད་པ་རེད།

    འཛམ་གླིང་གི་དྲ་སྦྲེལ་ཚོགས་ཆེན་སྐབས་དྲུག་པའི“འཛམ་གླིང་དྲ་སྦྲེལ་གྱི་སྣེ་འདྲེན་ཚན་རྩལ་གྲུབ་འབྲས་འོས་སྦྱོར་ཨུ་ལྷན”གྱི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་རེན་ཡོན་ཧྲི་ཝུའུ་ཧོ་ཆོན་གྱིས“དྲང་གཞག་དང་། དྲང་བདེན། དབང་གྲགས། དངོས་ཡོད”བཅས་ཀྱི་རྩ་དོན་གཞིར་བཟུང་། འཛམ་གླིང་གི་དྲ་སྦྲེལ་ཚོགས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་འཛམ་གླིང་དྲ་སྦྲེལ་གྱི་སྣེ་འདྲེན་ཚན་རྩལ་གྲུབ་འབྲས་འོས་སྦྱོར་ཨུ་ལྷན་བཙུགས་པ་དང་། སྐབས་འདིའི་ཨུ་ལྷན་ནི་ཀྲུང་གོ་དང་། ཨ་རི། འཇར་མན། རི་པིན་སོགས་རྒྱལ་ཁབ་ཀྱི་གྲགས་ཅན་དྲ་སྦྲེལ་ལས་རིགས་ཀྱི་སྣེ་ཁྲིད་མི་སྣ་39ལས་གྲུབ་པ་ཞིག་ཡིན་ལ། ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གྲུབ་འབྲས་ཁག་15ནི་འོས་སྦྱོར་ཨུ་ལྷན་གྱི་ཨུ་ཡོན་གྱིས་འདེམས་ཤོག་འཕངས་ནས་ཐོན་པ་ཞིག་རེད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།