[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལེའོ་ཉིང་གིས་ད་ལོའི་ལོ་མཇུག་ཏུ་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    ཤིན་ཧྭ་གསར་འགྱུར་ཁང་ཧྲེན་དབྱང་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། དབུལ་སྒྲོལ་འགག་སྒྲོལ་ལ་གཞོགས་འདེགས་ནུས་ལྡན་བྱ་ཆེད། ལེའོ་ཉིང་ཞིང་ཆེན་གྱིས་2018ལོར་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱས་ཚུན་མི་འབོར་དབུལ་པོ་14705ཡི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས་ཟིན་པ་དང་། དེ་འཕྲོས་ཀྱི་མི་10028ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ད་ལོའི་ལོ་མཇུག་ཏུ་ཚང་མ་ཐག་གཅོད་བྱས་ནས་ལོ་གཅིག་སྔ་སྣུར་དུ་དམིགས་ཚད་ལས་འགན་འགྲུབ་པར་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པར་གཞོགས་འདེགས་བྱ་ཆེད། ལེའོ་ཉིང་ཞིང་ཆེན་ཆུ་བེད་སྡེ་ཚན་གྱིས་ཆུ་བེད་དབུལ་སྐྱོར་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་གཏན་འཁེལ་བྱས་ཏེ། ས་ཁུལ་དབུལ་པོའི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཡང་དག་བཙལ་ནས་གང་མྱུར་སྐྲུན་དགོས་པའི་ཆུ་བེད་རྣམ་གྲངས་དོན་འཁྱོལ་གྱིས་མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱེད་དགོས། ལྷག་དོན་དུ་གྲོང་གསེབ་ཀྱི་མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་ལས་གྲྭ་ལག་བསྟར་བྱས་ཏེ་མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་གནད་དོན་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུ་བཅུག་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ཡོང་བ་བྱེད་པའི་ཁར་འཐུང་ཆུ་བདེ་འཇགས་ཡོང་བའི་བླང་བྱ་བཏོན་ཡོད།

    ལོ་གཅིག་ལྷག་ཙམ་རིང་། ལེའོ་ཉིང་ཞིང་ཆེན་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་3.98དོན་འཁྱོལ་བྱས་ཏེ་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་རྣམ་གྲངས་འཛུགས་སྐྲུན་ལ་སྤྱད་ཅིང་། མིག་སྔར་ལེའོ་ཉིང་ཞིང་ཆེན་ལ་ད་དུང་མི་འབོར་དབུལ་པོ་10028དང་གྲོང་ཚོ་དབུལ་པོ་62ལ་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཡོད། ས་གནས་ཁག་གིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྩིས་ཐོ་བཟོས་ཏེ་ལས་ཡུན་ལྡོག་བཤེར་བྱས་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐད་ཀྱི་ཕྱིར་འཐེན་ལམ་སྲོལ་ལག་བསྟར་བྱས་པ་དང་། གཅིག་གྲུབ་ན་གཅིག་བསུབས་ནས་དུད་ཚང་གཅིག་ཀྱང་མ་ལུས་པ་དང་མི་གཅིག་ཀྱང་མ་ལུས་པར་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།