[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2019ལོའི་དགུན་དུས་ལུས་རྩལ་དངོས་མང་སྟོན་ཚོགས་པེ་ཅིང་དུ་མཇུག་འགྲིལ་བ།

    གྲངས་གཞི་མང་པོ་ཞིག་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། པེ་ཅིང་ཨོ་རྩལ་འགྲན་ཚོགས་གྲོང་ཁྱེར་འཕེལ་རྒྱས་སྐུལ་འདེད་ལྷན་ཚོགས་དང་རྒྱལ་སྤྱིའི་གྲངས་གཞི་ཚོགས་པས་གཙོ་གཉེར་བྱས་པ་དང་། པེ་ཅིང་ཨོ་རྩལ་འགྲན་ཚོགས་གྲོང་ཁྱེར་འཕེལ་རྒྱས་སྐུལ་འདེད་ལྟེ་གནས་དང་ཨའེ་ཆི་ཚོགས་འགྲེམས་ཚད་ཡོད་ཀུང་སིས་གཉེར་འགན་འཁུར་བའི་2019ལོའི་རྒྱལ་སྤྱིའི་དགུན་དུས་ལུས་རྩལ(པེ་ཅིང)དངོས་མང་སྟོན་ཚོགས(གཤམ་ལ“དགུན་དུས་དངོས་མང་སྟོན་ཚོགས”ཞེས་བསྡུ་རྒྱུ)ཚེས་20ཉིན་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་མཇུག་འགྲིལ་བ་རེད།

    “གངས་འཁྱགས་སྟོབས་ཤུགས”ཀྱི་བརྗོད་དོན་གཙོ་བོའི་རྒྱུན་མཐུད་2019ལོའི་དགུན་དུས་དངོས་མང་སྟོན་ཚོགས་ནི་རྒྱལ་སྤྱི་ཅན་དང་། ཐོན་ལས་ཅན། སྤྱི་དམངས་ཅན་སོགས་ཀྱི་ཐད་ལ་གསར་གཏོད་དང་ཚད་བརྒལ་བྱུང་ཞིང་། གྲངས་གཞི་ལས་མངོན་པར་གཞིགས་ན། སྟོན་ཚོགས་ལ་ཞུགས་པའི་སྤུས་རྟགས་ནས་སྟོན་ཚོགས་ལ་ཞུགས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་བར་དང་། དེ་ནས་སྟོན་ཚོགས་ལ་ཞུགས་པའི་ལྟད་མོ་བ་བཅས་ཀྱི་བར་2019ལོའི་དགུན་དུས་དངོས་མང་སྟོན་ཚོགས་ལ་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། སྐབས་འདིའི་དགུན་དུས་དངོས་མང་སྟོན་ཚོགས་ལ་ཁྱོན་བསྡོམས་རྒྱལ་ཁབ་ཕྱི་ནང་གི་སྤུས་རྟགས་600ལྷག་ཙམ་ཞུགས་པ་དང་། དགུན་དུས་ལུས་རྩལ་ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་240ལྷག་ཙམ་ཞུགས་པ། ལྟད་མོ་བ་མི་ཐེངས་ཁྲི་16སླེབས་ཡོད། དེ་དང་ཆབས་ཅིག་སྐབས་འདིའི་དགུན་དུས་དངོས་མང་སྟོན་ཚོགས་ལ་ཐོན་ལས་བརྒྱ་ལྷག་ཙམ་དང་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་རྒྱལ་སྤྱིའི་གངས་འཁྱགས་ཐོན་ལས་ཀྱི་ཐོན་ཁུངས་སྦྲེལ་མཐུད་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།